༧གོང་ས་མཆོག་གིས་བོད་ལྕགས་སྟག་ལོའི་ལོ་སར་ལ་འཚམས་འདྲི།
བོད་ལྕགས་སྟག་ལོའི་ལོ་གསར་ཚེས་གཅིག་ཉིན་༧གོང་ས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་གྲོགས། སོག་པོ་ཕྱི་ནང་གཉིས་སུ་ཡོད་པའི་ཆོས་གྲོགས་ཚོར་དེང་དུས་ཤེས་ཡོན་དང་། ལྷག་པར་བོད་ཀྱི་ནང་དོན་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་གསུང་བཤད་གནང་བ།
|