གསལ་བསྒྲགས།

ཆོས་བརྡ་གསལ་བསྒྲགས།

༄༅།།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དད་ལྡན་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡ ནས་ཚེས་ ༤ བར་ཉིན་ཕྱེད་བཞི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་འཁེལ་ཞིང་། ཆོས་ཐུན་ནི་གོང་ཚེས་གཅིག་ནས་གསུམ་བར་ཞོགས་པའི་ཕྱག་ཚོད་༩།༣༠ ནས་༡༡།༣༠ བར་ཆོས་ཐུན་གཅིག་དང་ཉིན་རྒྱབ་ཕྱག་ཚོད་ ༡ ནས་ ༣ བར་ཆོས་ཐུན་གཅིག་བཅས་ཚུགས་རྒྱུ་དང་། ཚེས་ ༤ ཉིན་སྔ་དྲོའི་ཆོས་ཐུན་ལས་མེད་ན་དེ་དོན་དགོངས་འཇགས་དང་། བཀའ་ཆོས་སུ་བཅར་བློ་ཡོད་རིགས་རྣམས་ཀྱིས་བདེ་སྲུང་ཡན་ལག་ནས་ངོས་སྦྱོར་ཞུ་དགོས། གསུང་ཆོས་སྐབས་འདི་ནས་དབྱིན་སྐད་དང་། རྒྱ་སྐད་གཉིས་ཀྱི་གསུང་སྒྱུར་གོ་སྒྲིག་ཞུརྒྱས་པར་གཟིགས་་་

གལ་ཆེའི་གསར་འགོད་གསལ་བསྒྲགས།

༄༅། ། ཉེ་ཆར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཀུར་འོས་སྤྱི་འཐུས་ཤིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོས་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ནང་ “ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ།།” ཞེས་པ་དང་། ལྷ་མོའི་འཕྲིན་བསྐུལ་དུ་རྒྱས་པར་གཟིགས་་་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་མངའ་ཁུལ་དུ་ཆིབས་སྒྱུར་མཛད་འཆར་གསལ་བསྒྲགས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་ལྗོངས་མངའ་སྡེ་ནས་གསོལ་འདེབས་ཞུ་དོན་བཞིན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༤ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་འབྲས་ལྗོངས་ས་གནས་ར་ཝང་ལར་ཞབས་སོར་འཁོད་གནང་གྲུབ་རྗེས་ཚེས་ ༢༥ ཞོགས་པར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གསར་བཞེངས་ལེགས་གྲུབ་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཆོ་གའི་སྒོ་ནས་རབ་གནས་བྱིན་རླབས་དང་འབྲེལ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། སྲིད་སྐྱོང་རྣམ་གཉིས་ཀྱིས་གཙོས་སྲི་ཞུ་བ་ལྷན་བཅར་གྱི་མཛད་སྒོའི་དབུ་བཞུགས་སུ་ཞབས་སོར་འཁོད་རྒྱུ་དང་། ཉིན་རྒྱབ་དད་ལྡན་མང་ཚོགས་ལ་གསུང་ཆོས་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་དང་། ཚེས་ ༢༦ ཞོགས་པ་ཚེ་དབང་བརྟན་བཞུགས་བཅས་གནང་འཆར། དེ་རྗེས་འབྲས་ལྗོརྒྱས་པར་གཟིགས་་་

༄༅། །༸གོང་ས་མཆོག་ནས་ས་ལུ་གྷར་སྲད་རྒྱུད་གྲྭ་ཚང་དུ་གསུང་ཆོས་བཀའ་དྲིན་བསྩལ་གཏན་འཁེལ་བའི་ཆོས་བརྡ་གསལ་བསྒྲགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་ལུ་གྷར་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་དུ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ དང་ ༢༨ སོ་སོར་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་བསྡུས་དོན་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་སེམས་ཉིད་ངལ་གསོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༢༩ ཉིན་ཐུགས་རྗེ་ཆེན་པོའི་བཀའ་དབང་བཀའ་དྲིན་བསྐྱང་གཏན་འཁེལ་བ་བཅས་ཀྱི་ཆོས་བརྡར།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་པ་སྩལ་གཏན་འཁེལ་བའི་ཆོས་བརྡ་གསལ་བསྒྲགས།

༄༅། །ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དང། སྐུ་བཅར་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང། དགེ་ལུགས་སྨོན་ལམ་ཚོགས་པས་གཙོས་རང་རིགས་དད་ལྡན་ཁག གཞན་ཡང་ཕྱི་རྒྱལ་མི་སྣ་བཅས་ནས་ཇི་ལྟར་གསོལ་བ་ནན་གྱིས་བཏབ་པ་བཞིན། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་བཀྲིན་བསྐྱང་རྒྱུར།རྒྱས་པར་གཟིགས་་་

ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའི་ལན་ཌའི་ཆོས་ཞུ་བ་ཚོ་ཁག་གཅིག་ལ་གསུང་ཆོས་སྩལ་གཏན་ཁེལ་བ།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཐའི་ལན་ནང་པའི་ཆོས་ཚོགས་ཁག་གཅིག་གིས་གསོལ་བ་བཏབ་པ་བཞིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གཅིག་དང་ཕྱེད་རིང་རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་ལག་ལེན་སོ་བདུན་མ་དང། རྒྱས་པར་གཟིགས་་་

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དུ་ཨུ་རུ་སུའི་མི་མང་ཚོ་ཁག་གཅིག་ལ་གསུང་ཆོས་སྩལ་གཏན་འཁེལ་བ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་ལྡན་ཨུ་རུ་སུའི་མི་མང་ཚོ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ ནས་ཟླ་ ༡༢ ཚེས་ ༢ བར་ཉིན་གྲངས་གསུམ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང༌། གསང་བ་འདུས་པའི་བཀའ་དབང་བཅས་སྩལ་རྒྱུ་ཐུགས་གཏན་འཁེལ་བ་བཞིན། རྒྱས་པར་གཟིགས་་་

ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གཏན་ཁེལ་བ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ཐའེ་ཝན་ནང་ཆོས་དོན་གཉེར་ཅན་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༤ ནས་ ༧ བར་ཉིན་གྲངས་བཞིའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་ཤེས་དང༌། རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན།རྒྱས་པར་གཟིགས་་་

ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤ་ཡའི་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གཏན་ཁེལ་བ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ལྷོ་ཤར་ཨེ་ཤ་ཡའི་ནང་ཆོས་དོན་གཉེར་ཅན་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཤེས་རབ་སྙིང་པོ་དང༌། ལག་ལེན་སོ་བདུན་མའི་བཀའ་ཁྲིད་སྩལ་རྒྱུ་ཐུགས་གཏན་ཁེལ་བ་བཞིན། ཉིན་རེར་ཆོས་ཐུན་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ ༡༡།༣༠ བར་དང༌།རྒྱས་པར་གཟིགས་་་

ྋགོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡའི་ཆོས་ཞུ་བ་རྣམས་ལ་གསུང་ཆོས་སྩལ་གཏན་ཁེལ་བ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དད་ལྡན་ཀོ་རི་ཡའི་ནང་ཆོས་དོན་གཉེར་ཅན་ཁག་ཅིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིངབཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡོ་རྗེ་གཅོད་པའི་གསུང་ཆོས་སྩལ་རྒྱུ་ཐུགས་གཏན་ཁེལ་བ་བཞིན། ཉིན་རེ་ཆོས་ཐུན་སྔ་དྲོ་ཚོུད་ ༠༩།༣༠ ནས་ ༡༡།༣༠ བར་དང་། ཉིན་རྒྱབ་ཚོུད་ ༠༡།༣༠ ནས་ ༠༣།༣༠ བར་བསྐྱང་རྒྱུ་ཡིན་ཞིང༌། རྒྱས་པར་གཟིགས་་་

མཉམ་འབྲེལ་དཀར་ཆག