དྲི་བ་ཁག་གི་བཀའ་ལན།

སྤྱི་ལོ་༡༩༩༤ ལོར་བྷ་ར་ཁམ་བྷ་དེང་དུས་སློབ་གྲྭར་བཀའ་སློབ་གནང་སྐབས་ཀྱི་བཀའ་ལན།

དྲི་བ། བདེ་བ་དང༌། མི་ཚེ། རྣམ་མཁྱེན་བཅས་ཀྱི་གོ་དོན་ཅི་ཞིག་ཡིན་ནམ།
བཀའ་ལན། སོ་སོའི་ཉམས་མྱོང་ལ་དཔགས་ན་རང་ཉིད་ཡིད་ཚིམ་པ་དང༌། སེམས་ལྷིང་འཇགས། བདེ་བའི་ཚོར་བ་ཡོད་པ་བཅས་ཤེས་ཐུབ། བདེ་བ་ནི་བདེ་བ་རང་ཡིན་པས་མི་ཚང་མས་བདེ་བ་འཐོབ་ཆེད་འབད་བརྩོན་བྱེད་ཀྱི་ཡོད། རྩི་ཤིང་ལ་སྲོག་ཡོད་ཀྱང་ཚོར་བ་ཡོད་མེད་ངོས་རང་གིས་ཏན་ཏན་མི་ཤེས། ང་ཚོས་སེམས་ཅན་ཞེས་བརྗོད་སྐབས་བདེ་བ་དང་སྡུག་བསྔལ་མྱོང་ཐུབ་པའི་སྲོག་ལྡན་ཞིག་ལ་ངོས་འཛིན་བྱེད་པ་དང༌། ཕྱོགས་གཞན་ཞིག་ནས་ང་རང་ཚོས་བདེ་བ་དང་སྡུག་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་གཉིས་པའི་དྲི་བ་དང་བཀའ་ལན།

དྲི་བ། གལ་ཏེ་ཆོས་རྣམས་བདག་མེད་དང༌། སྡུག་བསྔལ་དེ་བདེན་པ་ཡིན་ན། སྡུག་བསྔལ་མྱོང་མཁན་དེ་སུ་ཡིན་ནམ།

བཀའ་ལན། བདག་མེད་ཅེས་པ་འདི་རང་བཞིན་མེད་པའི་དོན་ཡིན་པ་ལས་མེད་པའི་དོན་མིན་པས་དེར་གོ་བ་མ་ཆགས་པས་དྲི་བ་འདི་བྱུང་བ་རེད། དེའི་སྐོར་གཤམ་ལ་སེམས་ཙམ་པ་དང་དབུ་མ་པ་གཉིས། དེ་བཞིན་དབུ་མ་པ་ནང་ཕན་ཚུན་བར་གྱི་རྩོད་པ་ནས་ཤེས་ཐུབ། ཐལ་འགྱུར་བ་ཆད་ལྟ་བ་རེད་ཟེར་ནས་རྩོད་པ་མང་པོ་ཞིག་ཡོད། ཐལ་འགྱུར་བ་ལ་ཁྱོད་ཆད་ལྟ་བ་རེད། མེད་པར་སྨྲ་བ་རེད། གང་ཡིན་ཞེ་ན་རང་བཞིན་མེད་པ་འདོད་ཀྱི་འདུག་ཅེས་སྐྱོན་བརྗོད་སྐབས་ཐལ་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་གསུམ་པའི་དྲི་བ་དང་བཀའ་ལན།

དྲི་བ། དང་པོ་ཉིད་ནས་མ་འཇོན་པའི་གྲས་སུ་བརྩིས་པའི་མི་རྣམས་ལ་གསོ་དཔྱད་ཀྱི་ཐབས་དང༌། རྒྱབ་སྐྱོར་རོགས་ཚོགས། དེ་བཞིན་བདག་སྐྱོང་གི་ཐབས་ཤེས་བཅས་ལ་བརྟེན་ནས་སོ་སོའི་ཆེ་མཐོང་འཐོབ་ཀྱི་ཡོད་པ་ལྟ་བུ་མཐོང་གི་འདུག དེ་ལྟ་བུའི་གསོ་དཔྱད་ཀྱི་ཐབས་ལམ་དེས་འཁྲུལ་པ་དང་སྡུག་བསྔལ་འདྲེན་པར་བྱེད་ཀྱི་ཡོད་དམ། སྤྱིར་དེ་ལས་ལྡོག་སྟེ་བྱེད་པར་སྣང༌། སྒེར་ལ་དབང་ཚད་དང་ནུས་པ་དགོས་རྒྱུ་དེ་ཆོས་ཕྱོགས་ཀྱི་བདག་མེད་ཀྱི་ཉམས་ལེན་དང་ཇི་ལྟར་བྱས་ཏེ་སྒྲིག་ཐུབ་བམ། སོ་སོས་ཉམས་ལེན་བྱེད་དུས་རྒྱལ་ཁ་ཐོབ་པ་ན་ང་རྒྱལ་སྐྱེ་རྒྱུ་དེ་འདོར་ཐབས་དང༌། རང་གཅེས་འཛིན་འདོར་བ་ལ་བརྟེན་ནས་སྐྱེས་པའི་སེམས་ཞུམ་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་བཞི་པའི་དྲི་བ་དང་བཀའ་ལན།

དྲི་བ། སྐྱེ་སྒོ་འགོག་པའི་ཐོག་ལ་ནང་པའི་ངོས་ནས་བསམ་ཚུལ་གང་འདྲ་ཡོད་དམ།

བཀའ་ལན། སྐྱེ་སྒོ་འགོག་པ་ཞེས་པ་འདི་སྲོག་གཅོད་པའི་སྡིག་པ་ལ་བརྩི་གི་ཡོད་པ་རེད། དཔེར་ན། བསླབ་པ་སྲུང་མཁན་ཚོས་རྩ་བའི་ཉེས་པ་གང་འདྲ་ཞིག་གིས་གོས་ནའང་ཕམ་པ་ཡོང་བས་ཕམ་པ་བཞི་བཤད་ཡོད། དེའི་ནང་ནས་གཅིག་སྲོག་གཅོད་ཡིན་ཞིང༌། དེ་ནི་མིའམ་མིར་ཆགས་པ་གསོད་པ་ལ་གོ། ཡིན་ནའང་སྐྱེ་སྒོ་འགོག་པ་མིན་པའི་སྐྱེ་སྒོ་སྟངས་འཛིན་བྱེད་པ་ཞིག་ཡོད། དེ་རྣམས་ནི་དངོས་ཡོད་གནས་ཚུལ་ལ་ལྟ་དགོས་པ་ཞིག་ཡིན། དེང་སང་སྤྱིར་མི་འབོར་ཚད་ལས་བརྒལ་བ་འདི་དང༌། སྒོས་སུ་ཁྱིམ་ཚང་སོ་སོའི་བདེ་དོན་ལ་ལྟོས་ཏེ་བསམ་གཞིགས་ངེས་པར་བྱེད་དགོས་པ་ཡིན་པས། དེ་ནི་གནས་སྟངས་ལ་རག་ལས་ཡོད།རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་ལྔ་བའི་དྲི་བ་དང་བཀའ་ལན།

དྲི་བ། མཚམས་རེ་སེམས་བཟང་པོ་དང་ཀུན་སློང་བཟང་པོ་ཞིག་ལ་འབྲས་བུ་ངན་པ་ཡོང་བ་ལྟར་སྣང་གི་འདུག དཔེར་ན་སོ་སོས་མི་ཞིག་ལ་བྱམས་པོ་བྱས་ནས་རོགས་བྱེད་ཐབས་བྱས་ནའང་དེའི་འབྲས་བུར་ལྡོག་ཕྱོགས་དེ་འདྲ་ཡོང་གི་འདུག དེར་བརྟེན་ཀུན་སློང་བཟང་པོས་འབྲས་བུ་བཟང་པོ་འབྱིན་ཟེར་བ་དེ་ཧ་ཅང་སྟབས་བདེ་པོ་བཟོས་པ་ལྟ་བུར་སྣང༌།རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་དང་པོའི་དྲི་བ་དང་བཀའ་ལན།

དྲི་བ། ྋགོང་ས་མཆོག་གིས་འགྲོ་བ་མིར་གནོད་འཚབ་འགོག་ཆེད་དུ་ནུབ་ཕྱོགས་པ་རྣམས་ཀྱིས་ཆོས་དང་ཚན་རིག་གི་དཔྱད་ཞིབ་གཉིས་གཅིག་ཏུ་བསྒྲིལ་ཏེ་སློབ་དགོས་པ་དགོངས་ཀྱི་འདུག་གམ།

བཀའ་ལན། གལ་ཏེ་ཆོས་ཕྱོགས་ཀྱི་ཡར་རྒྱས་ལ་མི་སེམས་པར། ཚན་རིག་གི་ཡར་རྒྱས་ཁོ་ནར་བསམས་ཚེ། མིའི་རིན་ཐང་བརླག་འགྲོ་བས། དེ་ནི་ཉེན་ཁ་ཆེན་པོ་ཡིན། ཚན་རིག་གི་ཡར་རྒྱས་ནི་འགྲོ་བ་མིའི་བདེ་དོན་གྱི་ཆེད་དུ་ཡིན་པས། གལ་ཏེ་ཚན་རིག་གི་ཡར་རྒྱས་ཀྱིས་འགྲོ་བ་མིར་སྡུག་བསྔལ་དང་གནོད་པ་མང་པོ་ཞིག་བཟོ་གི་ཡོད་ན། དེ་ནི་ཤིན་ཏུ་བློ་ཕམ་གྱི་གནས་ཚུལ་ཡིན། སེམས་ཀྱི་ཡར་རྒྱས་དང༌། དངོས་པོའི་ཡར་རྒྱས་གཉིས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ཞིག་དགོས་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་དྲུག་པའི་དྲི་བ་དང་བཀའ་ལན།

དྲི་བ། ཆགས་སྡང་གཉིས་དུས་མཉམ་དུ་སྐྱེ་མི་ཐུབ་ན། ཕན་ཚུན་མི་མཐུན་པ་གཉིས་ཀྱི་བར་ཆགས་སྡང་གི་འབྲེལ་བ་དེ་ཇི་ལྟར་འགྲེལ་བརྗོད་བྱེད་ཐུབ་བམ།

བཀའ་ལན། ད་ལྟ་འདིར་དུས་གཅིག་ལ་བརྗོད་ཀྱི་ཡོད་པ་རེད། དེ་ནི་དཔེར་ན། དམིགས་པ་གཅིག་ལ་དུས་གཅིག་ཏུ་སྐར་ཆ་གཅིག་ལ་ཆགས་པའི་བློའི་འཛིན་སྟངས་སྐྱེ་བཞིན་པ་དེ་གའི་མུར་ལ། སྡང་བའི་འཛིན་སྟངས་སྐྱེ་གི་མེད་པ་ཞིག་བཤད་ཡོད། མ་གཞི་སྐད་ཅིག་སྔ་ཕྱི་བྱས། དཔེར་ན་ང་རང་ཚོའི་གྲོགས་པོ་གྲོགས་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་བདུན་པའི་དྲི་བ་དང་བཀའ་ལན།

དྲི་བ། ྋགོང་ས་མཆོག་ནས་ཐལ་འགྱུར་བའི་ལུགས་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མ་གཏོགས་པའི་ཤེས་པ་འཁྲུལ་ཤེས་རེད་ཅེས་བཀའ་གནང་སོང༌། འདི་གཅིག་གསུང་རོགས་གནང༌།

བཀའ་ལན། འདི་འཁྲུལ་ཤེས་ཡིན་པའི་རྒྱུ་མཚན་ནི་བདེན་གྲུབ་མེད་པ་དེ་ཤོད་ཀྱི་ཡོད། དེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་ལ་ཆོས་དེ་དང་དེའི་རང་བཞིན་བཙལ་ནས་ཆོས་དེའི་རང་བཞིན་མི་རྙེད་པར་དགག་བྱ་བཀག་ཙམ་གྱི་སྟོང་སངས་ཤིག་མ་གཏོགས། གཞན་གང་ཡང་འཆར་རྒྱུ་ཡོད་པ་མིན། སངས་རྒྱས་ཀྱི་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་བརྒྱད་པའི་དྲི་བ་དང་བཀའ་ལན།

དྲི་བ། འདོད་ཆགས་ལ་ནོར་འཁྲུལ་གང་ཡོད་དམ། གལ་ཏེ་ངས་འདོད་ཆགས་མེད་པའི་ཉམས་ལེན་བྱས་ན་སོ་སོའི་མིའི་ཆེ་མཐོང་བརླག་རྒྱུ་རེད་སྙམ་གྱི་འདུག དེ་ལྟར་བྱས་ན་སོ་སོའི་ཁྱིམ་ཚང་ལ་བརྩེ་བ་ཇི་ལྟར་སྤྲོད་ཐུབ་བམ།

བཀའ་ལན། འདིའི་ཐད་ཉོན་མོངས་ཅན་གྱི་འདོད་པ་དང་འདོད་པ་གཉིས་དབྱེ་བ་འབྱེད་དགོས། དཔེར་ན་(attachment) ཅེས་བརྗོད་དུས། འདི་ཡག་པོ་ཡིན་དགོས་ཀྱི་འདུག་བསམ་པ་ཙམ་འོང་རྒྱུ་ཡིན་པས། ངེས་པར་དུ་ཉོན་མོངས་ཅན་ཡིན་དགོས་ཤིང༌། ཉོན་མོངས་ཅན་མ་ཡིན་པ་དེ་འདྲ་ཡང་ཡོང་གི་རེད། དབྱིན་ཇིའི་རྒྱས་པར་གཟིགས་་་

སེམས་ཀྱི་ཞི་བདེ་ལེའུ་དགུ་པའི་དྲི་བ་དང་བཀའ་ལན།

དྲི་བ། ལམ་རྫོགས་པར་འཐོབ་པ་ལ་སོ་སོས་སེམས་ཅན་རྣམས་ལ་ལེགས་སྐྱེས་ཆེ་ཤོས་ཀྱི་སྦྱིན་པ་གཏོང་ཐུབ་པའི་སླད་དུ་སློབ་གཉེར་དང༌། གདམ་ངག སྒོམ་བཅས་ལ་སྦྱོང་འདོད་ཕུ་ཐག་ཆོད་པ་ཞིག་དགོས་པ་བཞིན་དུ། གཞན་དགོས་མཁོ་ཅན་རྣམས་ལ་གནས་མལ་དང་ཟས། སྐྱབས་སྒྲུབ་པའི་ཕྱིར་དུའང༌། བསམ་བློ་ཕུ་ཐག་ཆོད་པ་ཞིག་དགོས་ཀྱི་ཡོད། དེ་བས་སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པ་གཏོང་རྒྱུ་མ་དོར་བའི་ཐོག་ནས། ཆོས་ཀྱི་སྦྱིན་པ་ཡང་གཏོང་ཐུབ་པའི་ནུས་པ་མྱུར་དུ་འཐོབ་པའི་ཕྱིར་དུ་དགོས་མཁོ་འདི་གཉིས་ཇི་ལྟར་བྱས་ཏེ་སྙོམས་པར་སྒྲུབ་དགོས་སམ།རྒྱས་པར་གཟིགས་་་

མཉམ་འབྲེལ་དཀར་ཆག