༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༥ ཉིན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ ༤༨ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བླང་དོར་བཀའ་སློབ་སྩལ་བ་བཞུགས་སོ།།
དེ་རིང་འདིར་བུ་གསོ་ཁང་གི་དུས་དྲན་མཛད་སྒོའི་ཐོག་སེར་སྐྱ་མང་ཚོགས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད། དེ་བརྒྱུད་ནས་བོད་གཞིས་བྱེས་གང་ས་ནས་དོ་སྣང་བྱེད་མཁན་ཡོང་རྒྱུར་བསམས་ཏེ་ཚང་མར་ཞུ་རྒྱུ་ཞིག་ལ། བོད་ཁྱིམ་ཞེས་ཕྲུ་གུ་ཆུང་ཆུང་ལ་བདག་སྤྲོད་བྱེད་པའི་སྒྲིག་འཛུགས་འདི་ཚུགས་ནས་ལོ་བཞི་བཅུ་རྒྱས་པར་གཟིགས་་་