ཁོར་ཡུག་གི་གནད་དོན་དང་བྱམས་བརྩེའི་འབྲེལ་བའི་སྐོར་ལ་བགྲོ་གླེང་།

མདུན་ངོས། / ཁོར་ཡུག་གི་གནད་དོན་དང་བྱམས་བརྩེའི་འབྲེལ་བའི་སྐོར་ལ་བགྲོ་གླེང་།
ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་༢༢ ཉིན།
རྒྱ་གར་གི་སྔ་དྲོའི་ཆུ་ཚོད་༩ ནས་༡༠ པ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེཁ་སི་ཀོ་ཡུལ་གྱི་གློག་བརྙན་ཁྲབ་ཅིང་བཟོ་སྐྲུན་མཁན་དང་། མིག་དཔེ་ཡར་སྟོན་མཁན་སྐུ་ཞབས་ཡུ་རྗིན་རྡེར་བྷེཛི་(Eugenio Derbez)དང་ལྷན་དུ་ཁོར་ཡུག་གི་གནད་དོན་དང་བྱམས་བརྩེའི་འབྲེལ་བའི་(compassion and environment issues)སྐོར་ལ་བགྲོ་གླེང་གནང་རྒྱུ་དང་། ད་ལམ་གྱི་ཐད་སྟོན་བགྲོ་གླེང་གསན་གཟིགས་གནང་མཁན་ཚོས་འདོད་ཡོད་ཚེ་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་མི་འདྲ་བ་དུ་མའི་ནང་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་དང་ངོ་དེབ་སོགས་བརྒྱུད་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
གཟའ་མིག་དམར།, ཟླ་དགུ་བ 22, 2020