སེམས་བཟང་གི་ཤེས་ཡོན་སྐོར་ལ་དྲ་ལམ་ནས་བཀའ་སློབ།

མདུན་ངོས། / སེམས་བཟང་གི་ཤེས་ཡོན་སྐོར་ལ་དྲ་ལམ་ནས་བཀའ་སློབ།
ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ ཉིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུ་ཁུ་རན་གྱི་ཨེཌ་ཀེམ་(EdCamp Ukraine)ཞེས་པའི་ཤེས་ཡོན་གྱི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་སེམས་བཟང་གི་ཤེས་ཡོན་(Educating the Heart)དང་འབྲེལ་བའི་སྐོར་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་། བཀའ་སློབ་འདི་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
གཟའ་མིག་དམར།, ཟླ་བཅུ་བ 20, 2020