ཨེ་ཤ་ཡའི་གསུང་ཆོས་ཉིན་ཐ་མ།

མདུན་ངོས། / ཨེ་ཤ་ཡའི་གསུང་ཆོས་ཉིན་ཐ་མ།

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ ཉིན་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་ཉིན་ཐ་མར་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གི་ཆོས་འབྲེལ་བསྩལ་བ།