ཕྱི་ལོ་ ༢༠༡༨ལོའི་མཛད་འཆར།

༄༅། །གཤམ་གསལ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་ཡིན།  འདིའི་ཁོངས་མཛད་རིམ་མང་ཆེ་བར་འཛུལ་ཞུགས་བྱེད་པར་ཆོས་ཞུའི་ལག་ཁྱེར་ཀྲི་ཀ་སི་(Tickets)དགོས་ཀྱི་ཡོད།  ལག་ཁྱེར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་མཛད་རིམ་གོ་སྒྲིག་ཞུ་མཁན་ཚོགས་སྒེར་སོ་སོར་ཐད་ཀར་འབྲེལ་བ་ཞུ་དགོས།  སྤྱིར་བཏང་རྒྱ་གར་ནང་གི་མཛད་རིམ་རྣམས་མང་ཆེ་བ་རིན་མེད་ཡིན་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོགས་རྒྱུའི་མཛད་རིམ་རྣམས་མང་ཆེ་བར་ཆོས་ཞུའི་ལག་ཁྱེར་ཉོ་དགོས་ཀྱི་ཡོད། ཐུགས་སྣང་གནང་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་ཀུན་ནས་བཀའ་སློབ་དང་གསུང་ཆོས་སོགས་ལ་སྐུ་ཡོན་བཞེས་ཀྱི་མེད། གཤམ་གྱི་ཚེས་གྲངས་དག་དགོས་མཁོར་གཞིགས་ཏེ་འགྱུར་བ་ཐེབས་སྲིད།

༢༠༡༨

ཟླ་ ༡ པོ།

ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང་རྒྱ་གར་གྱི་དད་ལྡན་ཁག་ཅིག་ནས་གསོལ་འདེབས་ཞུས་དོན་ལྟར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། 

ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྕལ་རྒྱུ་དང་། དེ་རྗེས་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་དང་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

ཚེས་ ༡༨ ནས་ ༢༡ ཉིན་བཞིའི་རིང་གནས་མཆོག་རྡོ་རྗེ་གདན་དུ་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་དང་། བདེ་མཆོག་གི་དབང་། འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་བཅས་བཀའ་དྲིན་སྩལ་རྒྱུ།

ཚེས་ ༢༢ ནས་ ༢༣ ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་དད་ལྡན་མི་མང་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ལ་ཤེས་རབ་སྙིང་པོ་དང་རྡོ་རྗེ་གཅོད་པའི་གསུང་ཆོས་སྩལ་རྒྱུ།

ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་Alice Project སོགས་ཚོགས་པ་ཁག་ཅིག་གིས་ཞུ་དོན་ལྟར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭ་ཁག་གི་སློབ་མར་ཀུན་ཁྱབ་སྤྱོད་བཟང་དང་འབྲེལ་བའི་ཤེས་ཡོན་གོང་སྤེལ་སྐོར་ལ་བཀའ་སློབ་སྩལ་རྒྱུ།


ཟླ་ ༣ པ།

ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་མ་སྤྱི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

ཟླ་ ༣ ཚེས་ ༢ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་་གསུང་ཆོས་བཀའ་དྲིན་སྩལ་རྒྱུ།


ཟླ་ ༤ པ།

ཚེས་ ༢༤ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ IIT Delhi Auditorium རུ་Velocity 48 ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་( Need to Revive and Regain the Lost Spiritual and Cultural Heritage that Originated in This Nation) བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། 

ཟླ་ ༥ པ།

ཚེས་ ༡༦ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། 

ཟླ་ ༦ པ།

ཚེས་ ༦ ནས་ ༨ ཉིན་གསུམ་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། 

ཚེས་ ༡༢ ཉིན་སི་བེ་ཌིན་མལ་མའོ་གྲོང་ཁྱེར་དུ་ཨ་ཡེ་ཨེམ་(Individuell Människohjälp (IM))ཞེས་པའི་ཚོགས་པའི་གསོལ་འདེབས་ཞུས་དོན་ལྟར་མལ་མའོ་ལེ་ཧྥུ་(Malmö Live)ཞེས་པའི་ཚོགས་ཁང་དུ་ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་(Happiness and Peace)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ།  དྲ་བྱང་། malmolive.se/program/dalai-lama

ཚེས་ ༡༤ ཉིན་གྱི་སྔ་དྲོ་ཡུ་རོབ་ཀྱི་ལི་ཐུ་ཝེ་ནི་འ་(Lithuania)རྒྱལ་ཁབ་ཀྱི་ཝི་ལན་ནིའུ་སི་(Vilnius)གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་ཐབས་བྱུས་(The Art of Happiness)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་གནང་རྒྱུ། 
འབྲེལ་ཡོད་དྲ་བྱང་།  www.tiketa.lt/LT/jo_sventenybes_dalai_lamos_paskaita_laimes_menas_19093

ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་གི་སྔ་དྲོ་ལ་ཊི་ཝི་ཡའི་བོད་སྐྱོབ་ཚོགས་པ་དང་། མའོ་སི་ཁོ་བོད་ཀྱི་ཐེབས་རྩ། མའོ་སི་ཁོ་བོད་ཀྱི་དོན་གཅོད་ཁང་བཅས་ནས་གསོལ་འདེབས་ཞུས་དོན་ལྟར་ཡུ་རོབ་བྱང་བརྒྱུད་ལ་ཊི་ཝེ་ཡའི་རྒྱལ་ས་ Riga ནང་རྟེན་གཞི་བྱས་པའི་ Skonto ཚོགས་ཁང་ཆེན་མོའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་དང་། རྟེན་འབྲེལ་བསྟོད་པ། རྡོ་རྗེ་གཅོད་པ་བཅས་ཀྱི་ཆོས་འབྲེལ་གནང་རྒྱུ་དང་།  ཚེས་ ༡༨ ཉིན་གྱི་ཞོགས་པར་མི་མང་ལ་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། 

ཟླ་ ༩ པ།

ཚེས་ ༤ ནས་ ༧ ཉིན་བཞིའི་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤིས་ཡ་དང་ཀོ་རུ་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ། 

ཚེས་ ༡༢ ཉིན་སི་བེ་ཌིན་མལ་མའོ་གྲོང་ཁྱེར་དུ་ཨ་ཡེ་ཨེམ་(Individuell Människohjälp (IM))ཞེས་པའི་ཚོགས་པའི་གསོལ་འདེབས་ཞུས་དོན་ལྟར་མལ་མའོ་ལེ་ཧྥུ་(Malmö Live)ཞེས་པའི་ཚོགས་ཁང་དུ་ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་(Happiness and Peace)ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ།  དྲ་བྱང་། malmolive.se/program/dalai-lama

ཚེས་ ༡༦ ཉིན་གྱི་སྔ་དྲོ་Stichting Bezoek Zijne Heiligheid Dalai Lama ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་(Ahoy Rotterdam) ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་(Why Compassion is Essential in our Troubled World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ། །  

ཚེས་ ༡༧ ཉིན་ Stichting Bezoek Zijne Heiligheid Dalai Lama ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་( Ahoy Rotterdam) ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ།

ཚེས་ ༡༩ ཉིན་གྱི་སྔ་དྲོ་འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་འདུར་དབུ་བཞུགས་གནང་རྒྱུ། 

ཚེས་ ༢༡ ཉིན་གྱི་སྔ་དྲོ་སུད་སི་རུ་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ།  དྲ་བྱང་། https://www.tir50.ch/program-tib.html

ཚེས་ ༢༢ ཉིན་གྱི་སྔ་དྲོ་སུད་སི་རུ་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ།  དྲ་བྱང་། https://www.tir50.ch/program-tib.html

ཚེས་ ༢༣ ཉིན་གྱི་སྔ་དྲོ་སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོང་ཆོས་འཁོར་དགོན་དང་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཛུ་རིག་ཧ་ལེན་སཊ་ཌིཨོན་(Zurich Hallenstadion) ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ།  སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ།  རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ། 

ཟླ་ ༡༠ པ།

ཚེས་ ༣ ནས་ ༦ བར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ལོ་སྔོན་མར་གནང་བའི་དབུ་མ་འཇུག་པའི་གསུང་ཆོས་ཀྱི་མཇུག་སྐྱོང་མཛད་རྒྱུ། 

ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་གི་སྔ་དྲོ་མ་ན་ལི་རུ་ཡོད་པའི་འོན་མངའ་རིས་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགོན་པ་དེ་གར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་གསུང་ཆོས་བཀའ་དྲིན་རྒྱུ་དང་། ཚེས་ ༡༤ ཉིན་ཚེ་དབང་བཀའ་དྲིན་སྩལ་རྒྱུ།

ཟླ་ ༡༢ པ། 

ཚེས་ ༣ ནས་ ༥ བར་ཨུ་ཏར་མངའ་སྡེའི་སཱན་ཁེ་སཱ་རུ་(ankisa, Uttar Pradesh)ནང་པའི་གཞོན་ནུའི་ཚོགས་པ་(Youth Buddhist Society )ཡིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། 
གློག་འཕྲིན་ཁ་བྱང་། ybsindia@gmail.com  དྲ་བྱང་། www.ybsindia.org 

༢༠༡༩

ཟླ་ ༢  པ།

ཚེས་ ༡༩ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་བཀའ་དྲིན་སྩལ་རྒྱུ།