བདེ་བ་ཅན་གྱི་ཞིང་དུ་བགྲོད་པའི་ལམ་ཡིག་འཚོང་བ་ནི་དངོས་གནས་ཕྱིན་ཅི་ལོག་ཡིན།

མདུན་ངོས། / བདེ་བ་ཅན་གྱི་ཞིང་དུ་བགྲོད་པའི་ལམ་ཡིག་འཚོང་བ་ནི་དངོས་གནས་ཕྱིན་ཅི་ལོག་ཡིན།

དེང་སང་འཛམ་གླིང་འདིའི་ཐོག་མི་སྤྱི་དང་ལྷག་པར་ཤེས་ཡོན་ཅན་གྱི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་བསྟུན་ཆོས་འབག་ལ་གྱོན་ཏེ།  རྒྱུ་དངོས་སོགས་འདོད་པའི་ཡོན་ཏན་དང་བུད་མེད་འཚོལ་མཁན་གྱི་སྐབས་འཚོལ་བ་ཟོག་རྫུ་ཁྱད་མཚར་དེ་འདྲ་ཡོང་གི་འདུག །དེང་སང་བོད་ནང་དུ་ཡང་དེ་རིགས་ཡོང་གི་ཡོད་སྐོར་རྗོད་ཀྱི་འདུག །ཉེ་ཆར་ངོས་ཀྱི་གོ་ཐོས་ལ།  རྒྱ་མི་རིགས་ཚོར་བདེ་བ་ཅན་གྱི་ཞིང་ཞེས་བརྗོད་དེ་སྨོན་ལམ་རྒྱག་པའི་སྲོལ་ཤུགས་ཆེན་པོ་ཡོད་པར་བརྟེན།  བོད་ནས་རྒྱ་ནག་ཏུ་མར་ཡོང་བའི་བླ་མ་དང་མཁན་པོ་ཡིན་ཞེས་ཆོས་འཆད་མཁན་འགའ་ཞིག་གིས་རྒྱ་མི་རིགས་ལ་བདེ་བ་ཅན་གྱི་ཞིང་དུ་བགྲོད་པའི་ལམ་ཡིག་འཚོང་གི་ཡོད་པ་དང་།  དེ་ཡང་གོང་ཆེན་པོ་ལེན་གྱི་ཡོད་སྐོར་རྗོད་ཀྱི་འདུག །དེ་འདྲ་དངོས་གནས་ཕྱིན་ཅི་ལོག་ཡིན།  

(ཕྱི་ལོ་༢༠༡༡ ཟླ་༡༢ ཚེས་༡༩ ནས་༢༡ བར་ཉིན་གྲངས་༣ རིང་ར་ཤི་ཡའི་དད་ལྡན་ཆོས་ཞུ་བའི་ངོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་གཙོའི་བཀའ་ཁྲིད་སྩལ་བ་ལས་བཏུས།)