ཉི་ཧོང་དུ་ཆོས་འབྲེལ་དང་ཚན་རིག་མཁས་པའི་དབར་བགྲོ་གླེང་།

མདུན་ངོས། / ཉི་ཧོང་དུ་ཆོས་འབྲེལ་དང་ཚན་རིག་མཁས་པའི་དབར་བགྲོ་གླེང་།
༢༠༡༨ ཟླ་ ༡༡ ཚེས་ ༡༤ ནས་ ༡༦
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་ཡོ་ཁོ་ཧ་མ་(Yokohama)གྲོང་ཁྱེར་དུ་ཉི་ཧོང་དང་ཤར་ཨེ་ཤ་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཡོ་ཁོ་ཧ་མ་རྒྱལ་ཡོངས་ལྷན་ཚོགས་ཚོགས་ཁང་ (National Convention Hall of Yokohama) དུ་ཉིན་གསུམ་རིང་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༡༤ ཉིན་གྱི་སྔ་དྲོ་ཤེས་རབ་སྙིང་པོ་དང་། རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། དེ་བཞིན་ཀཱ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་བཅས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༡༥ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཚན་རིག་མཁས་པ་གསུམ་གྱིས་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་བགྲོ་གླེང་མཛད་རྒྱུ། གནས་ཚུལ་གཞན་དྲ་བྱང་འདིར་གཟིགས། www.tibethouse.jp/event/2018/teaching181114_en.html
གཟའ་པ་སངས།, ཟླ་བཅུ་གཅིག་པ 16, 2018