རྡོར་གདན་དུ་ཚད་མ་རྣམ་འགྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས།

མདུན་ངོས། / རྡོར་གདན་དུ་ཚད་མ་རྣམ་འགྲེལ་དང་ལག་ལེན་སོ་བདུན་མའི་གསུང་ཆོས།
ཟླ་ ༡༢ ཚེས་ ༢༨ ནས་ ༣༡ བར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༢༨ དང་ ༢༩ ཚེས་ ༣༠ བཅས་ཀྱི་སྔ་དྲོ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་)འཕྲོ་སྐྱོང་མཛད་རྒྱུ་དང་། དེའི་རྗེས་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་རྒྱུའི་ཞལ་བཞེས་ཐོབ་རུང་། ཆོས་སྐོར་འདི་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་པས་དམ་བཅའ་མི་ནུས་པ་དང་། ཐུན་མོང་ལམ་སྦྱོང་ལ་གོམས་འདྲིས་མེད་རིགས་རྣམས་ཆོས་གྲལ་དུ་མི་ཕེབས་པ་དེ་དོན་རང་དོན་རང་གཅེས་ཀྱིས་དགོངས་འཇགས་ཡོད་པ་ཞུ། ཚེས་ ༣༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།
གཟའ་ཟླ་བ།, ཟླ་བཅུ་གཉིས་པ 31, 2018