དུར་སའི་ནང་དུ་ང་ཚོ་ཚང་མ་གཅིག་མཚུངས་ཡིན།

མདུན་ངོས། / དུར་སའི་ནང་དུ་ང་ཚོ་ཚང་མ་གཅིག་མཚུངས་ཡིན།

རང་སེམས་ལྷོད་ལ་བབས་ནས་དགའ་བདེ་ལ་རོལ་བ་ནི། གཞན་ལ་འཚེ་བའི་སྦྱོར་བར་ལྟོས་ན་ལེགས་པར་མ་ཟད། རྒྱུ་མཚན་དང་མཐུན་པ་ཞིག་ཀྱང་མ་ཡིན་ནམ། དེར་བརྟེན་ཁྱེད་ཀྱིས་འཛམ་གླིང་གི་འདོད་རྒུ་ལ་ལོངས་སུ་སྤྱོད་པའི་ཁྲོད་ནས་དུས་ཚོད་ཅིག་རྙེད་ན། གཉའ་གནོན་བྱས་ཡོད་པའི་མི་དང༌། རྒྱུ་རྐྱེན་གང་ཞིག་གིས་སོ་སོས་རང་ཉིད་སྲུང་སྐྱོབ་མ་བྱས་པའམ་བྱེད་མ་ཐུབ་མཁན་ཚོར་ཆེ་ཆུང་ལ་མ་ལྟོས་པར་རོགས་སྐྱོར་གྱི་འབད་པ་བྱེད་རོགས། ན་ཚ་དང་དབུལ་ཕོངས་ཀྱིས་མནར་ཞིང༌། ཡིད་ལ་མི་སྡུག་པའི་མི་སོགས་མཐོང་ན་ཁ་གཞན་ལ་མི་འཁོར་བ་དང༌། མི་དེའི་རིགས་ནི་རང་ལས་དམན་པ་ཡིན་པའི་བསམ་བློ་ནམ་ཡང་མ་གཏོང་རོགས། ཅི་སྟེ་ཁྱེད་ཀྱིས་བྱེད་ཐུབ་ན། རང་ཉིད་ནི་ཆེས་ཉམ་ཐག་པའི་སྤྲང་པོ་ཞིག་ལས་མཆོག་ཡིན་པ་མ་བསམ་རོགས། དུར་སའི་ནང་དུ་ང་ཚོ་ཚང་མ་གཅིག་མཚུངས་ཡིན། 

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།