ཆོས་ལུགས་མཐུན་འབྲེལ་གྱི་འགོག་རྐྱེན་གཙོ་བོ།

མདུན་ངོས། / ཆོས་ལུགས་མཐུན་འབྲེལ་གྱི་འགོག་རྐྱེན་གཙོ་བོ།

ཆོས་ལུགས་མཐུན་འབྲེལ་གྱི་འགོག་རྐྱེན་གཙོ་བོ་ནི། ཕལ་ཆེར་ཆོས་ལུགས་ཀྱི་སྲོལ་རྒྱུན་གཞན་གྱི་རིན་ཐང་མ་མཐོང་བ་འདི་ཡིན་ཞིང༌། ལྟོས་ས་ལྟོས་འཇོག་གིས་བརྗོད་ན། ཉེ་ཆར་མ་གཏོགས་རིག་གཞུང་ཐ་དད་པའི་བར་དང༌། ཐ་ན་གྲོང་སྡེ་ཐ་དད་པའི་བར་ལའང་བརྡ་འཕྲིན་གྱི་འགྲོས་དལ་བའམ་མེད་པ་ཡིན། དེའི་རྒྱུ་མཚན་གྱིས་ཆོས་ལུགས་གཞན་གྱི་རྗེས་འབྲང་བ་ཚོ་དང་ཁྱིམ་མཚེས་སུ་བསྡད་མེད་ཚེ། ཆོས་ལུགས་གཞན་གྱི་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་དགོས་ངེས་ཤིག་ཆགས་མེད། འོན་ཀྱང༌། ད་ལྟ་བསམ་བློ་གཏོང་སྟངས་འདི་ནི་འོས་འཚམ་ཞིག་མིན་ཞིང༌། གཅིག་ལ་གཅིག་རྟེན་ཡིན་པའི་འབྲེལ་བ་སྣེ་མང་རྙོག་འཛིང་ལས་གྲུབ་པའི་དེང་གི་འཛམ་གླིང་དུ། མི་རིགས་གཞན་དང༌། རིག་གཞུང་གཞན། ད་དུང་ཆོས་ལུགས་གཞན་སོགས་ཡོད་པ་ང་ཚོས་ངོས་འཛིན་མི་བྱེད་ཀ་མེད་ཡིན་ལ། ང་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་ཆོས་ལུགས་སྣ་ཚོགས་ཀྱི་རང་བཞིན་དེ་ང་ཚོ་ཕལ་ཆེ་བས་སོ་སོའི་ཉིན་རེའི་འཚོ་བའི་ནང་དུ་མྱོང་གི་ཡོད།

སྟོང་ལོ་གསར་བའི་ཀུན་སྤྱོད་ཀྱི་རྣམ་གཞག་ཅེས་པ་ལས་བཏུས།