ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དྲ་ཐོག་ཐད་གཏོང་།

མདུན་ངོས། / ཨེ་ཤ་ཡའི་དད་ལྡན་ཆོས་ཞུ་བར་གསུང་ཆོས་དྲ་ཐོག་ཐད་གཏོང་།

  ཕྱི་ལོ་༢༠༡༥ཟླ་ ༩ ཚེས་༧ནས་༡༠བར་ཨིན་ཌོ་ནེ་ཤི་ཡ་དང་།  ཀོ་རི་ཡ།  མ་ལེ་ཤི་ཡ།  སིངྒ་པུར།  ཐའེ་ལན་ཌི།  ཝི་དི་ནམ་བཅས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའིི་སྤྱོད་པ་ལ་འཇུག་པའི་ལེའུ་༡༠པ་དང་།   སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་༡དང་།  རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ་དང་།  ཨིན་སྐད་དང་རྒྱ་སྐད།  ཝི་དི་ནམ་གྱི་སྐད།  ར་ཤི་ཡའི་སྐད།  ཧིན་རྡུའི་སྐད་བཅས་སུ་གསུང་བསྒྱུར་གྱིས་དྲ་ཐོག་ཐད་གཏོང་ཞུ་རྒྱུ།

 

•རྒྱ་གར་གྱི་ཆུ་ཚོད། 

 

ཟླ་༩ཚེས་༧སྔ་དྲོ་ཚོོུད་༨།༠༠ནས་༡༢།༠༠བར། 


ཟླ་༩ཚེས་༨སྔ་དྲོ་ཚོོུད་༨།༠༠ནས་༡༢།༠༠བར།


ཟླ་༩ཚེས་༩སྔ་དྲོ་ཚོོུད་༨།༠༠ནས་༡༢།༠༠བར།


ཟླ་༩ཚེས་༡༠སྔ་དྲོ་ཚོོུད་༨།༠༠ནས་༡༠།༠༠བར། 

 

  •    སྐད་རིགས་ཁག་གི་དྲ་བྱང་ཁག               

 

                                 བོད་སྐད་ཐོག་གསན་གཟིགས་གནང་ཚེ་འདིར་ནོན།

                                 ཨིན་སྐད་ཐོག་གསན་གཟིགས་གནང་ཚེ་འདིར་ནོན།

                                 རྒྱ་སྐད་ཐོག་གསན་གཟིགས་གནང་ཚེ་འདིར་ནོན།

                                 ཝི་དི་ནམ་གྱི་སྐད་ཐོག་གསན་གཟིགས་གནང་ཚེ་འདིར་ནོན། 

                                  ར་ཤི་ཡའི་སྐད་ཀྱི་ཐོག་གསན་གཟིགས་གནང་ཚེ་འདིར་ནོན།

                                  ཧིན་རྡིའི་སྐད་ཀྱི་ཐོག་གསན་གཟིགས་གནང་ཚེའདིར་ནོན། 

 

ཟླ་༩ཚེས་༧ཉིན་རྒྱ་གར་རྡ་རམ་ས་ལའི་སྔ་དྲོ་ཆུ་ཚོད་༨།༠༠པ་དང་།སངྒ་པུར་གྱི་སྔ་དྲོ་ཆུ་༡༠།༣༠དེ་བཞིིན་ལྷོ་ཀོ་རུ་ཡའི་སྔ་དྲོ་ཆུ་ཚོད་༡༡།༣༠དང་།ལོན་ཊོན་དུ་ཞོགས་པའི་ཆུ་ཚོད་༣།༣༠ནེའུ་ཡོག་ཏུ་ཟླ་༩ཚེས་༦མཚན་གྱི་ཆུ་ཚོད་༡༠།༣༠སོགས་དང་འཁེལ་ཡོད་པ་བཅས་སོ་སོའི་གནས་ཡུལ་ནས་རྒྱ་གར་རྡ་རམ་ས་ལའི་ཆུ་ཚོད་དང་བསྟུན་གཏུགས་བྱས་ཏེ་གསན་གཟིགས་གནང་རོགས།