ཕྱི་ལོ་ ༢༠༡༦ ལོའི་མཛད་འཆར།

༄༅།།གཤམ་གསལ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་ཡིན། འདིའི་ཁོངས་མཛད་རིམ་མང་ཆེ་བར་འཛུལ་ཞུགས་བྱེད་པར་ཆོས་ཞུའི་ལག་ཁྱེར་ཀྲི་ཀ་སི་(Tickets)དགོས་ཀྱི་ཡོད།  ལག་ཁྱེར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་མཛད་རིམ་གོ་སྒྲིག་ཞུ་མཁན་ཚོགས་སྒེར་སོ་སོར་ཐད་ཀར་འབྲེལ་བ་ཞུ་དགོས། སྤྱིར་བཏང་རྒྱ་གར་ནང་གི་མཛད་རིམ་རྣམས་མང་ཆེ་བ་རིན་མེད་ཡིན་ལ།ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོགས་རྒྱུའི་མཛད་རིམ་རྣམས་མང་ཆེ་བར་ཆོས་ཞུའི་ལག་ཁྱེར་ཉོ་དགོས་ཀྱི་ཡོད། ཐུགས་སྣང་གནང་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་ཀུན་ནས་བཀའ་སློབ་དང་གསུང་ཆོས་སོགས་ལ་སྐུ་ཡོན་བཞེས་ཀྱི་མེད། གཤམ་གྱི་ཚེས་གྲངས་དག་དགོས་མཁོར་གཞིགས་ཏེ་འགྱུར་བ་ཐེབས་སྲིད།

 

ཟླ་༡ པོ།  

   ཚེས་༡ ཉིན་གྱི་ཞོགས་པ་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།  

ཟླ་༢ པ། 

ཚེས་༢༡ ཉིན་མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པས་གསོལ་བ་བཏབ་པ་ལྟར་མི་ནི་ཕོ་ལི་སི་ཁོན་ཝན་ཞོན་བསྟི་གནས་the Minneapolis Convention Centerཞེས་པའི་ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པ་བློ་སྦྱོང་ཚིག་བརྒྱད་མ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་རྒྱུ། དྲ་བྱང་། www.tafm.org 

ཟླ་ ༣ པ།  

ཚེས་ ༨ ཉིན་གྱི་ཞོགས་པ་ཨ་རིའི་ཝེ་སི་ཀོན་སིན་མངའ་སྡེ་རུ་ཝེ་སི་ཀོན་སིན་བོད་བོད་མིའི་སྤྱི་མཐུན་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་ Madison Masonic Center ཞེས་པའི་བསྟི་གནས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྩལ་རྒྱུ། དྲ་བྱང་། www.wistib.org

ཚེས་༩ ཉིན་ཨ་རིའི་ཝེ་སི་ཁོན་སིན་མངའ་སྡེའི་མའེ་ཌི་སན་གྲོང་ཁྱེར་ Madison, WI དུ་མའེ་ཌི་སན་ཝེ་སི་ཁོན་སིན་གཙུག་ལག་སློབ་གྲྭའི་སེམས་ཀྱི་འཕྲོད་བསྟེན་སྡེ་ཚན་གྱིས་གོ་སྒྲིག་ཞུས་དོན་ལྟར་མི་སྒེར་དང་སྤྱི་ཚོགས། འཛམ་གླིང་ཁྱོན་ཡོངས་སུ་ལུས་སེམས་བདེ་ཐང་སྒྲུབ་ཚུལ་cultivating well-being in ourselves, our communities and the worldཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་གླེང་མོལ་ལ་དབུ་བཞུགས་མཛད་རྒྱུ། དྲ་བྱང་། www.centerhealthyminds.org 

ཟླ་ ༦ པ། 

ཚེས་༡ ནས་ ༣ ཉིིན་གསུམ་རིང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པ་རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་ཞེས་པའི་ཆོས་འབྲེལ་སྩལ་རྒྱུ།  

ཚེས་༧ནས་༩ཉིན་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་ན་ལེནྜའི་ཤཱཀ་ཤ་(Nalanda Shiksha)ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་བའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ།  ཡིག་ཟམ། shantideva2016@gmail.com

ཚེས་ ༡༣ ཉིན་རྒྱབ་ཨ་རིའི་རྒྱལ་སར་ཡོད་པའི་བོད་རིགས་མཐུན་ཚོགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་ཨ་རིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་American University གི་བྷན་ཌར་ཚོགས་ཁང་Bender Arena དུ་དེང་གི་འཛམ་གླིང་དུ་སེམས་ཀྱི་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུ།  དྲ་བྱང་། www.dalailama2016dc.com

ཚེས་༡༨ཉིན་གྱི་ཞོགས་པ་ཨ་རིའི་ཁ་ལི་ཧྥོར་ནེའུ་ཡའི་ཝེ་སི་མི་ནིས་སུ་ཊར་རུ་(Westminster, CA, USA)ཌིཡུ་ནུག་ Dieu Ngu ཞེས་པའི་ལྷ་ཁང་དུ་མི་མང་གསུང་བཤད་སྩལ་རྒྱུ་དང་།དེ་བཞིན་དེ་ལྷ་ཁང་དེ་རང་དུ་སངས་རྒྱས་སྨན་བླའི་བཀའ་དབང་སྩལ་རྒྱུ། 

ཚེས་༡༩ ཉིན་ཨ་རིའི་ཁ་ལི་ཧྥོར་ནེའུ་ཡའི་ཝེ་སི་མི་ནིས་སུ་ཊར་(Westminster, CA, USA)རུ་ཝེ་ཏི་ནམ་གྱི་ཆོས་དཔོན་ཝིན་ལིས་ཡིས་གསར་བཞེངས་གནང་བའི་ཌིཡུ་ནུག་ Dieu Ngu ལྷ་ཁང་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་མཛད་དེ་བཀའ་སློབ་སྩལ་རྒྱུ

ཚེས་ ༢༡ ཉིན་ཨ་རིའི་ཡོའུ་ཊ་Utahམངའ་སྡེའི་སོལ་ཊ་ལེ་ཁེ་གྲོང་ཁྱེར་Salt Lake Cityདུ་ཡོའུ་ཊ་གཙུག་ལག་སློབ་གྲྭ་ཆེན་མོ་དང་ཡོའུ་ཊ་བོད་ཀྱི་ཐེབས་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་དོན་ལྟར་ཧང་སམ་མན་བསྟི་གནས་ཁང་Huntsman Centerདུ་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་ Compassion and Universal Responsibility ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ་དང་། ཟླ་ ༤ ཚེས་ ༤ ཉིན་ནས་Utahtickets.com and Rice-Eccles Stadium ticket office, 801-581-8849.ལ་འབྲེལ་བ་ཞུས་ཆོག་གི་ཡོད་པ་རེད།  

ཚེས་ ༢༣ ཉིན་གྱི་ཞོགས་པར་ཁོ་ལོ་ར་ཊོ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཨ་རིའི་ཁོ་ལོ་ར་ཊོ་མངའ་སྡེའི་the Coors Event Center ཞེས་པར་བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ། དྲ་བྱང་། http://www.colorado.edu/dalailama/

ཚེས་ ༢༣ ཉིན་རྒྱབ་ཨ་རིའི་ཁོ་ལོ་ར་ཌོའི་མངའ་ཁུལ་བྷོལ་ཌར་གྲོང་ཁྱེར་དུ་ཁོ་ལོ་ར་ཌོ་གཙུག་ལག་མཐོ་སློབ་ཁང་གི་སློབ་མའི་སྒྲིག་འཛུགས་དང་བྷོལ་ཌར་ཤེས་རིག་ལས་རིམ་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་ཞུས་པ་ལྟར་༧གོང་ས་མཆོག་གིས་བྱམས་བརྩེ་དང་བློ་གྲོས་སྤེལ་བའི་ཤེས་ཡོན་སྤྲོད་པ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ།  འབྲེལ་ཡོད་དྲ་བྱང་། http://www.colorado.edu/dalailama/ 

 ཟླ་  ༧ པ།  

ཚེས་ ༦ ཉིན་དགེ་ལུགས་ཡོངས་ཀྱི་༧རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་༧གོང་ས་མཆོག་དགུང་ལོ་བརྒྱད་ཅུའི་ལོ་འཁོར་སྲུང་བརྩིའི་མཇུག་བསྡོམས་སུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་རུ་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་འཁྲུངས་སྐར་སྲུང་བརྩི་ལ་དབུ་བཞུགས་མཛད་རྒྱུ། 

ཚེས་ ༡༣ ཉིན་རྒྱབ་གནས་ཆེན་མཚོ་པདྨ་རུ་རྫ་དཔལ་སྤྲུལ་མཆོག་གིས་མཛད་པ་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༤ ཉིན་གནས་ཆེན་མཚོ་པདྨ་རུ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཆོས་འབྲེལ་སྩལ་རྒྱུ། 

ཟླ་ ༨ པ། 

ཚེས་ ༡༠ ཉིན་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡོད་པའི་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དུ་ཇོ་བོ་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་སྩལ་རྒྱུ།

ཚེས་ ༡༡ ཉིན་ཞོགས་པར་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཡོད་པའི་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་ཁྲིག་རྩེ་དགོན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

ཚེས་ ༡༨ ནས་ ༢༠ བར་ལ་དྭགས་ཀྱི་གླེ་རུ་ཡོད་པའི་ཞི་བ་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༢༡ ཉིན་ལ་དྭགས་ཀྱི་གླེ་རུ་ཡོད་པའི་ཞི་བ་ཚལ་དུ་སྤྱན་རས་གཟིགས་ཀྱི་དབང་སྩལ་རྒྱུ། 

ཟླ་༨ པ་དང་༩ པ།

ཚེས་ ༢༩ ནས་ཟླ་ ༩ བའི་ཚེས་ ༡ བར་ཉིན་གྲངས་བཞིའི་རིང་ཨིནྜི་ནི་ཞིས་ཡ་དང་ཀོ་རུ་ཡ། མ་ལེ་ཞིས་ཡ། སངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་བཅས་ནས་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་གཉིས་པའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ། 

ཚེས་ ༩ ནས་ ༡༡ བར་ཡོ་རུབ་སེམས་དང་སྲོག་གི་ཚོགས་པའི་གོ་སྒྲིག་ལྟར་བྷེལ་འཇམ་གྱི་བྷར་སིལ་གྲོང་ཁྱེར་དུ་ཡོད་པའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་(Bozar Center for Fine Art)དུ་ཉིན་གཉིས་དང་ཕྱེད་ཀའི་རིང་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུར་ནུས་པ་དང་གཅེས་སྐྱོང་(Power and Care)གི་བརྗོད་གཞིའི་ཐོག་ཆེད་ལས་མཁས་པ་དང་ཚན་རིག་པ། དཔལ་འབྱོར་རིག་པ་བ། ཆོས་ལུགས་པ་སོགས་ཀྱི་མི་སྣས་བགྲོ་གླེང་གནང་རྒྱུ། འབྲེལ་མཐུད་དྲ་བྱང་། www.powerandcare.org 

ཚེས་ ༡༧ ཉིན་ཧྥ་རན་སའི་སུ་ཊར་སུ་སྦག་གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་སྩལ་རྒྱུ།  
དྲ་བྱང་། www.dalailama-strasbourg2016.com

ཚེས་ ༡༨ སྔ་དྲོ་ཧྥ་རན་སའི་སུ་ཊར་སུ་སྦག་གྲོང་ཁྱེར་དུ་བོད་ཀྱི་ནང་ཆོས་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་དང་། ཉིན་རྒྱབ་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་དོན་ལྟར་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱོད་བཟང་Ethics Beyond Religion ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ།     
དྲ་བྱང་། www.dalailama-strasbourg2016.com

ཟླ་ ༡༠ པ། 

ཚེས་ ༣ ནས་ ༦ བར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་བའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་ལཱ་དི་ཝི་ཡའི་རི་རྒ་གྲོང་ཁྱེར་དུ་མའེ་སུ་ཁཱཀོ་བོད་སྐྱོབ་ཐེབས་རྩ་ Save Tibet Foundation (Moscow) དང་།  Saglabasim Tibetu (Riga)གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཚད་མ་རྣམ་འགྲེལ་གྱི་གསུང་ཆོས་སྩལ་རྒྱུ། དྲ་བྱང་།  http://lv.dalailama.ru/

ཚེས་ ༡༤ ཉིན་སུད་སི་ཛུ་རིག་ཏུ་སིད་སི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཛུ་རིག་ཧ་ལེན་སིཊ་ཌིཨོན་ཚོགས་ཁང་ཆེན་མོའི་ནང་དབུ་མ་རིན་ཆེན་ཕྲེང་བ་དང་། སྒོམ་རིམ་བར་བ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པ་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ་དང་། གསུང་ཆོས་རྗེས་ལ་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། དྲ་བྱང་། www.dalailama2016.ch

ཚེས་ ༡༦ ཉིན་རྒྱབ་སོ་ལོ་ཝ་ཀི་ཡ་(Slovakia)རྒྱལ་ཁབ་ཀྱི་སྦ་ར་ཊི་སི་ལ་ཝ་(Bratislava) གྲོང་ཁྱེར་དུ་རྒྱལ་ཡོངས་ཊེ་ནི་སི་ཚོགས་ཁང་(National Tennis Center) ཞེས་པར་རིས་སུ་མ་ཆད་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ། དྲ་བྱང་། www.dalajlama-bratislava2016.sk

ཚེས་ ༡༩ ཉིན་རྒྱབ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ (Czech Republic)ཀྱི་པ་རག་(Prague)གྲོང་ཁྱེར་དུ་ཧྥོ་རུམ་༢༠༠༠ (Forum 2000) ཞེས་པའི་ཐེབས་རྩ་ཚོགས་པས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ལུ་ས་ར་ན་ཕོ་བྲང་ (Lucerna Palace) ཞེས་པར་རིས་སུ་མ་ཆད་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ། དྲ་བྱང་།  www.forum2000.cz

ཚེས་ ༢༡ ཉིན་ཨི་ཊ་ལི་མི་ལན་གྲོང་ཁྱེར་དུ་དགེ་འཕེལ་གླིང་བོད་རྒྱུད་ནང་བསྟན་སློབ་གཉེར་ཁང་(Ghe Pel Ling Institute for Tibetan Buddhist Studies) གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལམ་གཙོ་རྣམ་གསུམ་དང་། རྗེ་ཙོང་ཁ་བ་ཆེན་པོས་མཛད་པས་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་རྒྱུ། དྲ་བྱང་། http://www.dalailama-milano2016.com 

 ཚེས་ ༢༢  སྔ་དྲོ་ཨི་ཊ་ལི་མི་ལན་གྲོང་ཁྱེར་དུ་དགེ་འཕེལ་གླིང་ཆོས་ཚོགས་ཀྱིས་( Ghe Pel Ling Institute for Tibetan Buddhist Studies)གོ་སྒྲིག་ཞུས་དོན་ལྟར་མི་མང་གསུང་བཤད་སྩལ་རྒྱུ་དང་། ཉིན་རྒྱབ་ཀུན་ཁྱབ་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ།  དྲ་བྱང་། www.dalailama-milano2016.com

ཟླ་ ༡༡ པ།

ཚེས་ ༡༧ ཉིན་རྒྱབ་ཉི་ཧོང་གི་ཡ་ཁོ་ཧ་མ་གྲོང་ཁྱེར་དུ་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཡ་ཁོ་མ་ཞི་མཐུན་ཚོགས་ཁང་(Pacifico Yokohama Hall) བྱམས་བརྩེ—བདེ་སྐྱིད་ཀྱི་ལྡེ་མིག་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ། དྲ་བྱང་། www.tibethouse.jp

༢༠༡༧ 

དུས་འཁོར་དབང་ཆེན་ཐེངས་ ༣༤ པ།  ཟླ་ ༡ ཚེས་ ༣ ནས་ ༡༤ བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྩལ་རྒྱུ་དང་།    དེ་ཡང་ཚེས་ ༣ ནས་ ༥ བར་༸གོང་ས་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་གྲྭ་སོགས་ཀྱིས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ།  ཚེས་ ༦ ནས་ ༨ ཉིན་སྔོན་འགྲོའི་གསུང་ཆོས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་སྩལ་རྒྱུ།   ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང།    ཚེས་ ༡༠ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་སྩལ་རྒྱུ།    ཚེས་ ༡༤ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།