བརྟན་བཞུགས་བསྟར་འབུལ། (ཐད་གཏོང་།)

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢ སྐུའི་བླ་གཟའ་སྦྱོར་འཕྲོད་ཤིན་ཏུ་དགེ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཉེར་འཚེའི་རིགས་ཆ་ཙམ་མི་བཞེས་པར་བསྟན་པ་དང་འགྲོ་བའི་འཕྲལ་ཡུན་ཕན་བདེའི་བྱེད་པོར་སྐུ་ཚེ་༸ཞབས་པད་བརྟན་སླད་བོད་གངས་ཅན་ལྗོངས་ཀྱི་ཆར་གཏོགས་པའི་འཕན་པོ་དང་། པདྨ་བཀོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ལགས་ན་སྐབས་དེའི་བརྟན་བཞུགས་ཀྱི་མཛད་རིམ་དྲ་བརྙན་བརྒྱུད་ཐད་གཏོང་ཞུ་རྒྱུ། 

  • ས་གནས་དང་དུས་ཚོད། 

ས་གནས།  བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་། 

དུས་ཚོད།  ཕྱི་ལོ་༢༠༡༦ ཟླ  ༡༡  ཚེས་ ༢  ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༣༠