དུས་དབང་ཐེངས་༣༤ པ་ཐད་གཏོང་།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༡༤ བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་དུས་འཁོར་དབང་ཆེན་སྩལ་རྒྱུར་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཟླ་ ༡ ཚེས་ ༢ ནས་ ༡༤ བར་༸གོང་ས་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་གྲྭ་སོགས་ཀྱིས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་དང་།   ཚེས་ ༥ ནས་ ༨ ཉིན་བཅས་ཉིན་གྲངས་ལྔའི་རིང་སྔོན་འགྲོའི་གསུང་ཆོས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་སྩལ་རྒྱུ།   ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང།    ཚེས་ ༡༠ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་སྩལ་རྒྱུ། ཚེས་ ༡༤ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་བཅས་དྲ་ལམ་བརྒྱུད་ཐད་གཏོང་ཞུ་རྒྱུ་དང་། བོད་སྐད་ཐོག་གི་གསུང་ཆོས་རྣམས་དབྱིན་སྐད་དང་རྒྱ་སྐད། ཝེ་ཏི་ནམ་གྱི་སྐད། ཧིན་རྡིའི་སྐད། ཀོ་རི་ཡའི་སྐད། ར་ཤི་ཡའི་སྐད། སོག་པོའི་སྐད་བཅས་སུ་གསུང་བསྒྱུར་གནང་བཞིན་པ་འབྲེལ་ཡོད་ཐད་གཏོང་དྲ་བྱང་བརྒྱུད་གསན་གཟིགས་ཞུས་ཆོག

 

  

  • རྒྱ་གར་གྱི་དུས་ཚོད། 

རེས་གཟའ་ཟླ་བ།༢༠༡༧།༡།༢དུས་འཁོར་དབང་ཆེན་ས་ཆོག།།
༠༧།༠༠༠༩།༤༥ས་ཆོག་ཞལ་འདོན།
༡༠།༠༠༡༡།༣༠སློབ་མ་རྗེས་འཛིན།
༡༡།༣༠༡༢།༣༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༤།༠༠ས་ཆོག་ཞལ་འདོན། 

རེས་གཟའ་མིག་དམར།༢༠༡༧།༡།༣དུས་འཁོར་དབང་ཆེན་ས་ཆོག།།
༠༧།༠༠༡༡།༣༠ས་ཆོག་ཞལ་འདོན།
༡༡།༣༠༡༢།༣༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༤།༠༠ས་གར།
༡༤།༠༠༡༦།༠༠ས་ཆོག་ཞལ་འདོན།

རེས་གཟའ་ལྷག་པ།༢༠༡༧།༡།༤དུས་འཁོར་དབང་ཆེན་ས་ཆོག།།
༠༧།༠༠༡༡།༠༠ས་ཆོག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༠༠༡༤།༣༠ས་ཆོག་ཞལ་འདོན།

རེས་གཟའ་ཕུར་བུ།༢༠༡༧།༡།༥སྔོན་འགྲོའི་གསུང་ཆོས་ཉིན་དང་པོ།
༠༩།༠༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༥།༠༠གསུང་ཆོས།སྤྱོད་འཇུག་དང་།སྒོམ་རིམ་བར་པ།

རེས་གཟའ་པ་སངས།༢༠༡༧།༡།༦སྔོན་འགྲོའི་གསུང་ཆོས་ཉིན་གཉིས་པ།
༠༩།༠༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༥།༠༠གསུང་ཆོས། སྤྱོད་འཇུག་དང་། སྒོམ་རིམ་བར་པ།

རེས་གཟའ་སྤེན་པ།༢༠༡༧།༡།༧སྔོན་འགྲོའི་གསུང་ཆོས་ཉིན་གསུམ་པ།
༠༩།༠༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༥།༠༠གསུང་ཆོས།སྤྱོད་འཇུག་དང་།སྒོམ་རིམ་བར་པ།

རེས་གཟའ་ཉི་མ།༢༠༡༧།༡།༨སྔོན་འགྲོའི་གསུང་ཆོས་ཉིན་བཞི་པ།
༠༩།༠༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༥།༠༠གསུང་ཆོས།སྤྱོད་འཇུག་དང་།སྒོམ་རིམ་བར་པ།

རེས་གཟའ་ཟླ་བ།༢༠༡༧།༡།༩དཀྱིལ་འཁོར་བརྒྱན་ཅིང་མཆོད་པ།
༠༧།༠༠༡༡།༣༠སྒྲུབ་བཞག་ཞལ་འདོན།
༡༢།༠༠༡༢།༣༠ཉིན་གུང་གསོལ་ཚིགས།
༡༢།༣༠༡༣།༣༠མཆོད་གར།
༡༣།༣༠༡༥།༠༠སྒྲུབ་བཞག་ཞལ་འདོན།

རེས་གཟའ་མིག་དམར།༢༠༡༧།༡།༡༠བཀའ་དབང་སྔོན་འགྲོ་སློབ་མ་སྟ་གོན།
༠༧།༠༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༠༠༡༦།༠༠སློབ་མ་སྟ་གོན།

རེས་གཟའ་ལྷག་པ།༢༠༡༧།༡།༡༡བཀའ་དབང་དངོས་གཞི་ཉིན་དང་པོ།
༠༦།༣༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༠༠༡༦།༠༠དུས་འཁོར་བཀའ་དབང་།

རེས་གཟའ་ཕུར་བུ།༢༠༡༧།༡།༡༢བཀའ་དབང་དངོས་གཞི་ཉིན་གཉིས་པ།
(
བོད་ཟླ་༡༡ཚེས་༡༥)
༠༦།༠༠༡༡།༠༠སྒྲུབ་བཞག་ཞལ་འདོན།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༠༠༡༦།༠༠དུས་འཁོར་བཀའ་དབང་། 

རེས་གཟའ་པ་སངས།༢༠༡༧།༡།༡༣བཀའ་དབང་དངོས་གཞི་ཉིན་གསུམ་པ།
༠༧།༠༠༡༡།༠༠སྒྲུབ་བཞག།།
༡༡།༠༠༡༢།༠༠ཉིན་གུང་གསོལ་ཚིགས།
༡༢།༠༠༡༥།༠༠དུས་འཁོར་བཀའ་དབང་། 

རེས་གཟའ་སྤེན་པ།༢༠༡༧།༡།༡༤རྗེས་གནང་དང་།བརྟན་བཞུགས།
༠༧།༤༥༠༨།༣༠རྗེས་གནང་སྒྲུབ་བཞག།
༠༨།༣༠༡༡།༣༠མང་ཚོགས་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་སྩལ་རྒྱུ་དང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།