ཆོ་འཕྲུལ་དུས་ཆེན་གྱི་གསུང་ཆོས་ཐད་གཏོང་།

མདུན་ངོས། / ཆོ་འཕྲུལ་དུས་ཆེན་གྱི་གསུང་ཆོས་ཐད་གཏོང་།

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་གྱི་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོར་སྐྱེས་རབས་གསུང་ཆོས་སྩལ་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་འདི་ལོའི་དཔྱིད་ཆོས་སུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་བ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་འདི་ནས་དྲ་ལམ་བརྒྱུད་ཐད་གཏོང་ཞུ་རྒྱུ། 

•དུས་ཚོད།(རྒྱ་གར།)

ཟླ་ ༣ ཚེས་ ༡༢ ཞོགས་པ་ཆུ་ཚོད་ ༨།༣༠ ནས་ཉིན་གུང་ ༡༡།༣༠ བར། 

ཟླ་ ༣ ཚེས་ ༡༣ ཞོགས་པ་ཆུ་ཚོད་ ༨།༣༠ ནས་ཉིན་གུང་ ༡༡།༣༠ བར། 

ཟླ་ ༣ ཚེས་ ༡༣ ཞོགས་པ་ཆུ་ཚོད་ ༨།༣༠ ནས་ཉིན་གུང་ ༡༡།༣༠ བར།