ཕྱི་ལོ་ ༢༠༡༤ ལོའི་མཛད་འཆར།

༄༅། །གཤམ་གསལ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཆར་ཡིན། འདིའི་ཁོངས་མཛད་རིམ་མང་ཆེ་བར་འཛུལ་ཞུགས་བྱེད་པར་ཆོས་ཞུའི་ལག་ཁྱེར་ཀྲི་ཀ་སི་(Tickets)དགོས་ཀྱི་ཡོད།  ལག་ཁྱེར་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་མཛད་རིམ་གོ་སྒྲིག་ཞུ་མཁན་ཚོགས་སྒེར་སོ་སོར་ཐད་ཀར་འབྲེལ་བ་ཞུ་དགོས།སྤྱིར་བཏང་རྒྱ་གར་ནང་གི་མཛད་རིམ་རྣམས་མང་ཆེ་བ་རིན་མེད་ཡིན་ལ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚོགས་རྒྱུའི་མཛད་རིམ་རྣམས་མང་ཆེ་བར་ཆོས་ཞུའི་ལག་ཁྱེར་ཉོ་དགོས་ཀྱི་ཡོད། ཐུགས་སྣང་གནང་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་ཀུན་ནས་བཀའ་སློབ་དང་གསུང་ཆོས་སོགས་ལ་སྐུ་ཡོན་བཞེས་ཀྱི་མེད། གཤམ་གྱི་ཚེས་གྲངས་དག་དགོས་མཁོར་གཞིགས་ཏེ་འགྱུར་བ་ཐེབས་སྲིད།

ཕྱི་ཟླ་  པོ།

   ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེ་ར་ཐེག་ཆེན་གླིང་དུ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཆོས་སྩལ་རྒྱུ།

ཕྱི་ཟླ་  པ།

  ཟླ་   ཚེས་  ཉིནརྒྱ་གར་བྱང་ཤར་ཨ་སམ་གྷོ་ཧ་ཊིར་ཆིབས་བསྒྱུར། གོང་ཚེས་ཉིན་གྱི་ཕྱི་དྲོ་ཁྲིམས་རྩོད་པའི་དཔེ་དེབ་པར་བསྐྲུན་ཁང་(LBS)གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ར་བྷིན་དར་བྷ་ཝན་ཚོམས་ཆེན་ནང་ཆོས་ལུགས་འཆམ་མཐུན་གྱི་ཚོགས་འདུའི་ཐོག་ཆིབས་བསྒྱུར་གནང་རྒྱུ།

  ཟླ་   ཚེས་  ཉིན་ཨ་སམ་གྷོ་ཧ་ཀྲིར་མང་ཚོགས་ལ་གསུང་བཤད། གོང་ཚེས་ཉིན་འགྲོ་བ་མིའི་ཞི་བདེའི་ཐབས་ལམ་དང་མི་སྒེར་སོ་སོའི་ངོ་བོ་ཞེས་པའི་བརྗོད་གཞིའི་ཐོག་LBS འགོ་འཛུགས་པ་པོའི་དྲན་རྟེན་གྱི་ཐོག་མའི་བཀའ་སློབ་བསྩལ་རྒྱུ། 
འབྲེལ་བ་ཞུ་ས། bdbaruah@lbsbooks.com

  ཟླ་   ཚེས་  ཉིན་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་དུས་སྟོན་དབུ་འབྱེད། གོང་ཚེས་ཉིན་རྒྱབ་ཤྲི་མན་ཏ་ཤང་ཀ་རཱ་དེ་བ་ཀཱ་ལཱ་ཤེ་ཏར་(Srimanta Sankaradeva Kalakshetra)ཞེས་པའི་སྒྱུ་རྩལ་བསྟི་གནས་ཁང་དུ་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་དུས་སྟོན་དབུ་འབྱེད་མཛད་རྒྱུ།

  ཟླ་   ཚེས་ ༣ ཉིན་མཐོ་སློབ་བསླབ་པ་མཐར་སོན་གྱི་མཛད་སྒོར་བཀའ་སློབ།   གོང་ཚེས་ཉིན་མར་ཊིན་ལུ་ཐར་ཀི་སི་ཊེན་གཙུག་ལག་སློབ་གྲྭ་ (Martin luther Chirstian University) ཞེས་པའི་ཡེ་ཤུའི་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་འཁོད་རྒྱུ།

  ཟླ་   ཚེས་  ལག་ལེན་སོ་བདུན་མ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་། གོང་ཚེས་ཉིན་ཤི་ལོང་ས་གནས་ཀྱི་ཕོ་ལོང་རྩེད་ཐང་(Polo Ground) དུ་དད་ལྡན་མི་དམངས་རྣམས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ།

  ཟླ་  ཚེས་  ཆོས་ལུགས་རིས་མེད་ཀྱི་མཛད་སྒོའི་ཐོག་ལྷན་ཞུགས་ཆིབས་བསྒྱུར། གོང་ཚེས་ཉིན་ཤི་ལོང་མངའ་སྡེའི་དཔེ་མཛོད་ཁང་གིས་གདན་ཞུས་ལྟར་ཆོས་ལུགས་རིས་མེད་ཀྱི་མཛད་སྒོའི་ཐོག་ལྷན་ཞུགས་ཆིབས་བསྒྱུར་གནང་རྒྱུ།

 ཟླ་  ཚེས་ ༢༢ ཉིན་གྱི་ཕྱི་དྲོ་མང་ཚོགས་ལ་ལམ་སྟོན་བཀའ་སློབ།   གོང་ཚེས་ཉིན་ཨ་རིའི་ཁ་ལེ་ཧྥོར་ནེ་ཡ་མངའ་སྡེའི་(California)གྲོང་ཁྱེར་སན་ཧྥ་རན་སེ་ཁོ་(San Francisco)རུ་སྒྲེ་བེས་སུ་སེན་ཧྥོན་ནིས་ཚོགས་ཁང་(Davies Symphony Hall) ནང་མང་ཚོགས་ལ་ལམ་སྟོན་བཀའ་སློབ་བསྩལ་རྒྱུ།  དྲ་བྱང་།   www.himalayan-foundation.org

  ཟླ་  ཚེས་ ༢༣ ཉིན་བདེ་སྐྱིད་ཇི་ལྟར་བསྐྲུན་ཐབས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ།  གོང་ཚེས་ཉིན་གྱི་སྔ་དྲོ་ཨ་རིའི་ཁེ་ལེ་ཧྥོར་ནི་ཡ་མངའ་སྡེའི་བྷར་ཁི་ལེའི་(Berkeley)ས་གནས་མང་ཚོགས་ཀྱི་ཟློས་གར་ཚོགས་ཁང་དུ་བདེ་སྐྱིད་ཇི་ལྟར་བསྐྲུན་ཐབས་ཀྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་ལམ་སྟོན་བཀའ་སློབ་བཀའ་དྲིན་ཆེ་རྒྱུ། དྲ་བྱང་།  www.tanc.org

  ཟླ་  ཚེས་ ༢༤ སྙིང་རྗེ་དང་ཚོང་ལས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ། གོང་ཚེས་ཉིན་ཨ་རིའི་ཁ་ལེ་ཧྥུར་ནེ་ཡ་མངའ་སྡེའི་ནང་སན་ཀྲ་ཁུ་ལ་ར་(Santa Clara)གཙུག་ལག་སློབ་གྲྭ་ཆེན་མོ་དང་CCARE ལྟེ་གནས་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བཏབ་པ་བཞིན་སན་ཀྲ་ཁུ་ལ་ར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སྙིང་རྗེ་དང་ཚོང་ལས་ཀྱི་བརྗོད་གཞིའི་ཐོག་དགོངས་ཚུལ་ལམ་སྟོན་བསྩལ་རྒྱུ།

  ཟླ་  ཚེས་ ༢༥ ཉིན་འཚེ་མེད་ཞི་བ་དང་སྙིང་རྗེའི་ནུས་ཤུགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ། གོང་ཚེས་ཉིན་གྱི་ཕྱི་དྲོ་ཨ་རིའི་ཁ་ལེ་ཧྥུར་ནེ་ཡ་མངའ་སྡེའི་ལོ་སི་ཨན་ཇེལ་སུ་(Los Angeles)གྲོང་ཁྱེར་ནང་ཡོད་པའི་ལོ་སྒྲིས་སི་ཐེབས་རྩ་ཚོགས་པས་(The Lourdes Foundation)གསོལ་འདེབས་གོ་སྒྲིག་ཞུས་པ་ལྟར་འཚེ་མེད་ཞི་བ་དང་དུས་རབས་ཉེར་གཅིག་པའི་སྙིང་རྗེའི་ནུས་ཤུགས་ཀྱི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ།

ཕྱི་ཟླ་   པ།

  ཟླ་  ཚེས་  ཉིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་བཀའ་སློབ། གོང་ཚེས་ཉིན་གྱི་ཞོགས་པར་ཨ་རིའི་མི་ནི་སོ་ཀྲ་(Minnesota)མངའ་སྡེའི་མི་ནི་ཡ་ཕོ་ལི་སི་(Minneapolis)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མི་ནི་ཡ་ཕོ་ལི་སི་སྤྱི་སྡེ་ཚོམས་ཆེན་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་གླེང་སྟེགས་དང་ཨོ་གྷོ་སི་བྷར་རྒ་མཐོ་སློབ་(Augsburg College)གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་བྱས་པ་ལྟར་ཐེངས་ཉེར་དྲུག་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་གླེང་སྟེགས་ལོ་འཁོར་ཚོགས་འདུའི་ཐོག་བཀའ་སློབ་བསྩལ་རྒྱུ།

  ཟླ་  ཚེས་  ཉིན་ལོ་གསར་མཛད་སྒོར་ཆིབས་བསྒྱུར། གོང་ཚེས་ཉིན་གྱི་ཞོགས་པར་མི་ནི་སོ་ཀྲའི་ཨ་རིའི་བོད་མིའི་ཐེབས་རྩ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མི་ནི་སོ་ཀྲ་(Minnesota)མངའ་སྡེའི་ཨོ་གྷོ་སི་བྷར་རྒ་མཐོ་སློབ་ཏུ་བོད་ཀྱི་ལོ་གསར་དུས་སྟོན་གྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱང་རྒྱུ།

  ཟླ་  ཚེས་  ཉིན་བདེ་སྐྱིད་དང་ཆོག་ཤེས། བདག་ཉིད་ཀྱི་ངོ་བོ་ཞེས་པའི་བརྗོད་གཞིའི་ཐོགབཀའ་སློབ། གོང་ཚེས་ཉིན་གྱི་ཕྱི་དྲོ་ཨ་རིའི་མེ་ནས་སོ་ཊ་མངའ་སྡེའི་སན་ཀྲི་ཕོལ་(St. Paul,)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མ་ཁ་ལེ་སི་ཀྲར་མཐོ་སློབ་(Macalester College.)ཏུ་བདེ་སྐྱིད་དང་ཆོག་ཤེས། བདག་ཉིད་ཀྱི་ངོ་བོ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ། 

   ཟླ་  ཚེས་  ཉིན་ཆོས་ཀྱི་མཚམས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ། གོང་ཚེས་ཉིན་གྱི་ཞོགས་པར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྲི་སི་རུ་ཨ་རིའི་བོད་ཀྱི་དོན་གཅོད་ལས་ཁུངས་དང་ནེ་ཤ་ནལ་ཁེ་ཐི་སྒྲི་རལ་(the National Cathedral)ཅེས་པའི་རྒྱལ་ཡོངས་ཡི་ཤུ་གཙུག་ལག་ཁང་གཉིས་ཀྱིས་གསོལ་འདེབས་གོ་སྒྲིག་ཞུས་པ་བཞིན་ཆོས་ཀྱི་མཚམས་ལས་འདས་པའི་གོ་ལ་སྤྱི་ཡོངས་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ།

  ཟླ་  ཚེས་ ༡༦ ཉིན་སྐྱེས་རབས་སོ་བཞིའི་གསུང་ཆོས། གོང་ཚེས་ཉིན་གྱི་ཞོགས་པ་རྒྱ་གར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞིའི་གསུང་ཆོས་བསྩལ་རྒྱུ།

 ཟླ་  ཚེས་ ༢༠ ཉིན་ལམ་འགྲོ། བཟང་སྤྱོད། བདེ་སྐྱིད་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ། ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལེ་གྲི་ཤྲི་རཱམ་བུད་མེད་ཀྱི་མཐོ་སློབ་(Lady Shri Ram College for Women.) ཏུ་ལམ་འགྲོ བཟང་སྤྱོད། བདེ་སྐྱིད་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་བསྩལ་རྒྱུ།

ཕྱི་ཟླ་   བ།

   ཟླ་ ༤ ཚེས་ ༥ ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ནང་དད་ལྡན་མང་ཚོགས་དང་ཆོས་ཚོགས་ཁག། དེ་བཞིན་སློབ་གྲྭ་སོགས་སུ་བཀའ་སློབ་ལམ་སྟོན་གནང་སྟེ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། 

    ཟླ་འདིའི་ཚེས་ ༡༡ ནས་ ༡༢ ཉིན་གཉིས་རིང་ཉི་ཧོང་ཀའེ་ཐོ་(Kyoto)གཙུག་ལག་སློབ་གྲྭ་ཆེན་མོ་ཁོ་ཁོ་ཉམས་ཞིབ་བསྟི་གནས་ཁང་ (Koko Research Center of Kyoto University) དང་། སེམས་དང་སྲོག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་སེམས་ཀྱི་སྐོར་ལ་དེང་རབས་ཚན་རིག་པ་དང་ནང་ཆོས་ཚན་རིག་དབར་གྱི་གླེང་མོལ་ (the Mind: A Dialogue Between Modern Scientists and Buddhist Science) ཞེས་པའི་ལྷན་ཚོགས་སུ་ཞབས་སོར་འཁོད་རྒྱུ་དང་། 
 
   ཟླ་ ༤ ཚེས་ ༡༣ དང་ ༡༤ ལ་བླ་མ་ཙོང་ཁ་པ་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉི་ཧོང་ཁོ་ཡ་སན་དགོན་པར་ Koyasan Monastery ལམ་རིམ་བསྡུས་དོན་དང་དགེ་བཤེས་གླང་རི་ཐང་པའི་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བསྩལ་རྒྱུ་དང་། ཚེས་ ༡༤ ལ་རྣམ་པར་སྣང་མཛད་ཀྱི་དབང་གནང་རྒྱུ། 
 
   ཟླ་ ༤ ཚེས་ ༡༥ ཉིན་དུས་རབས་ ༢༡ ནང་མི་ཚེ་བཟང་སྤྱོད་ཐོག་ནས་ཇི་ལྟར་སྐྱེལ་དགོས་“How should live our lives? – Religion and Ethics in the 21st century.”ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་བཀའ་སློབ་བསྩལ་རྒྱུ།
 
    ཟླ་ ༤ ཚེས་ ༡༧ ཉིན་རྒྱལ་ས་ཀྲོག་ཁྱོར་ (Tokyo) ཨོ་ཁོ་ར་གསོལ་མགྲོན་ཁང་ (Hotel Okura) དུ་རྒྱལ་སྲས་ཐོགས་མེད་བཟང་པོའི་ལག་ལེན་སོ་བདུན་མའི་གསུང་ཆོས་བསྩལ་རྒྱུ་བཅས་ཉི་ཧོང་དུ་མཛད་འཕྲིན་བསྐྱང་གནང་རྒྱུ་ཡིན་པ་རེད། 

ཕྱི་ཟླ་  བ།

   ཟླ་ ༥ ཚེས་ ༥ ནས་ ༦ རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལཱ་ཋི་ཝི་ཡའི་Latviaརི་གྷ་Riga གྲོང་ཁྱེར་དུ་ཉིན་གཉིས་རིང་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཁྲིད་བཀའ་དྲིན་སྩལ་རྒྱུ།  དྲ་བྱང་།  lv.dalailama.ru   

   ཟླ་ ༥ ་ཚེས་ ༨ ཉིན་ནོར་ཝེ་ཨོ་ས་ལོ་གྲོང་ཁྱེར་གྱི་ཤ་ཏའོ་ན་ཧྤུ་ལྷ་ཁང་Chateau Neuf དུ་ནོར་ཝེ་ནང་པའི་ཆོས་ཚོགས་དང་། ཀརྨ་བཀྲ་ཤིས་གླིང་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགེ་བཤེས་གླང་རི་ཐང་པས་མཛད་པ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་སྩལ་རྒྱུ།  དྲ་བྱང་།  http://dalailamaoslo.no/
 
ཟླ་ ༥ ཚེས་ ༩ ཉིན་ནོར་ཝེ་ཨོ་ས་ལོ་གྲོང་ཁྱེར་དུ་མི་མང་ཚོགས་ཁང་དུ་རྒྱུུན་དུ་བྱམས་བརྩེའི་ཉམས་ལེན་བྱེད་ཕྱོགས་སྐོར་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ།  དྲ་བྱང།  dalailamaoslo.no
 
   ཟླ་ ༥ ཚེས་ ༡༡ ཉིན་ནི་ཐི་ལན་སྒྲིའི་རོ་ཁྲིར་སྒྲམ་གྲོང་ཁྱེར་ Rotterdam, The Netherlands ཨ་ཧོད་རྩེད་ཐང་Ahoy Stadium དུ་ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་སྩལ་རྒྱུ།  དྲ་བྱང་།  http://dalailama2014.nl 
 
   ཟླ་ ༥ ཚེས་ ༡༡ ཉིན་ནི་ཐི་ལན་སྒྲིའི་རོ་ཁྲིར་སྒྲམ་གྲོང་ཁྱེར་ Rotterdam, The Netherlands གྱི་ཨ་ཧོད་རྩེད་ཐང་དུ་རྣམ་དཔྱོད་དང་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། དྲ་བྱང་། http://dalailama2014.nl 
 
  ཟླ་ ༥ ཚེས་ ༡༤ ཉིན་འཇར་མན་གྱི་ཧྥ་རན་ཁུ་ཧྥོར་ཁྲུ་གྲོང་ཁྱེར་ City of Frankfurt དུ་བོད་གྱི་ཁང་པའི་གོ་སྒྲིག་འོག་བྱམས་བརྩེ་དང་མི་སྒེར་གྱི་དྲན་ཤེས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ། དྲ་བྱང་། www.dalailama-frankfurt.info
 
  ཟླ་ ༥ ཚེས་ ༡༥ ཉིན་གྱི་ཞོགས་པར་འཇར་མན་བོད་ཀྱི་ཁང་པའི་གོ་སྒྲིག་ལྟར་འཇར་མན་གྱི་ཧྥན་ཁུ་ཧྥོར་ཁྲུ་གྲོང་ཁྱེར་City of Frankfurt གྱི་ཁ་ཆེའི་ལྷ་ཁང་ཞིག་ཏུ་སློབ་ཕྲུག་ཚོ་དང་མཉམ་དུ་ཆོས་ལུགས་མཐུན་སྒྲིལ་གྱི་བཟང་སྤྱོད་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ།  དྲ་བྱང་།  www.dalailama-frankfurt.info
 
   ཟླ་ ༥ ཚེས་ ༡༥ ཕྱེད་ཡོལ་འཇར་མན་བོད་ཀྱི་ཁང་པ་དང་། ས་ཁམས་རིག་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཉིས་ཀྱིས་གོ་སྒྲིག་ལྟར་ཧྥན་ཁུ་ཧྥོར་ཁྲུ་གྲོང་ཁྱེར་ City of Frankfurt དུ་ལྟ་གྲུབ་སྨྲ་བ་རན་ནར་ཧྥི་རོ་སི་Rainer Forst  དང་མཉམ་དུ་བགྲོ་གླེང་དང་། གཞན་ཡང་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་བགྲོ་གླེང་ལ་ལྷན་བཞུགས་གནང་རྒྱུ།  དྲ་བྱང་།  www.dalailama-frankfurt.info
 
   ཟླ་ ༥ ཚེས་ ༣༠ ནས་ ཟླ་ ༦ ཚེས་ ༢ ཉིན་ནཱ་ལེནྜ་ཤིཀྴ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཉིན་བཞིའི་རིང་རྒྱ་གར་མཧཱ་ར་ཤ་དྷ་ར་གྲོང་ཁྱེར་མུམ་བྷེ་རུ་ཉིན་བཞིའི་རིང་ནང་ཆོས་ངོ་སྤྲོད་གནང་རྒྱུ།  ཡིག་ཟམ། nalandashiksha@gmail.com

ཕྱི་ཟླ་  པ།

   ཟླ་  ཚེས་ ༡༤ དང་ ༡༥ ཉིན་བཤེས་སྤྲིངས་བཀའ་ཆོས་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ། གོང་ཚེས་ཉིན་གཉིས་རིང་བླ་མ་ཙོང་ཁ་པ་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཚེས་ ༡༤ དང་ ༡༥་སོ་སོར་ཨེས་ཊ་ལིས་(Italy)གྲོང་ཁྱེར་ལེ་ཝོར་ནོ་ (Livorno) རུ། ཕ་ལ་ལེ་ཝོར་ནོ་(PalaLivorno)རྩེད་ཁང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཀྱི་བཀའ་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ།  དྲ་བྱང་། www.dalailama.it

   ཟླ་  ཚེས་ ༡༥ ཉིན་སྙིང་རྗེ་དང་འབྲེལ་བའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ། གོང་ཚེས་ཉིན་རྒྱབ་ཨེས་ཊ་ལིས་(Italy)གྲོང་ཁྱེར་ལེ་ཝོར་ནོ་རུ་རྟེན་གཞི་བྱས་པའི་ཕ་ལ་ལེ་ཝོར་ནོ་རྩེད་ཁང་དུ་སྙིང་རྗེ་དང་འབྲེལ་བའི་བཟང་སྤྱོད་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ།  དྲ་བྱང་། www.dalailama.it

  ཟླ་ ༦ ཚེས་ ༡༧ ཉིན་གྱི་སྔ་དྲོ་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་༸ཞབས་སོར་འཁོད་རྒྱུ།
  ཚེས་ ༢༣།༢༤ ཉིན་ཟངས་དཀར་དཔའ་འདུམ་གྱི་ས་གནས་མང་ཚོགས་ལ་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་སྩལ་རྒྱུ། 
  ཚེས་ ༢༥ ཉིན་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་སྩལ་རྒྱུ། 
  ཚེས་ ༢༦ བཀག་འཁྱིལ་ཁུལ་གྱི་ཁ་ཆེའི་ཚོགས་སྡེ་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱང་སྟེ་ཁུལ་དེའི་མང་   ཚོགས་ལ་བཀའ་སློབ་སྩལ་རྒྱུ།
  ཚེས་ ༢༩ ལ་དྭགས་ཀླུ་འཁྱིལ་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོ་དབུ་འཛུགས་མཛད་སྒོ་དབུ་འབྱེད་བསྐྱང་རྒྱུ། 
  ཚེས་ ༣༠ ཉིན་ཆོས་ལུགས་རིས་མེད་ཀྱི་མཁས་དབང་འདུ་འཛོམས་ཀྱིས་ཕར་ཕྱིན་བགྲོ་གླེང་ལ་དབུ་བཞུགས་གནང་རྒྱུ།

ཕྱི་ཟླ་  པ།

    ཟླ་ ༧ ཚེས་ ༡ ཉིན་༸གོང་ས་མཆོག་གིས་སེར་སྐྱ་མང་ཚོགས་ལ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དང་།  མངའ་རིས་ཚང་དགོན་ཁག་བདུན་གྱི་དགེ་འདུན་འདུས་མང་དང་སེར་སྐྱ་ཐུན་མོང་ནས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ།

  ཟླ་  ཚེས་  ནས་ ༡༤ ཉིན་བཅུ་གཉིས་རིང་གཙོ་བོ་ལ་དྭགས་ནང་བསྟན་ཆོས་ཚོགས་དང་། ལ་དྭགས་དགོན་པའི་ཚོགས་པ་གཉིས་དང་། སྦྱིན་བདག་ཁོངས་སུ་བྱེས་འཁོད་ཀོང་པོ་མི་མང་རྣམས་དང་ཇོ་ནང་ཆོས་བརྒྱུད་བཅས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལ་དྭགས་རྒྱལ་ས་སླེ་རུ་དུས་འཁོར་དབང་ཆེན་ཐེངས་སོ་གསུམ་པ་བཀའ་དྲིན་ཆེ་རྒྱུ།   
ཚེས་  ནས་  བར་ཉིན་གསུམ་རིང་༸གོང་ས་༸སྐྱབས་མགོ་ཆེན་པོ་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་གྲྭ་རྣམས་ནས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ།   
ཚེས་  ནས་  བར་ཉིན་གསུམ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ཀྱི་བཤད་ཁྲིད་བསྩལ་རྒྱུ།
ཚེས་  ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར། 
ཚེས་ ༡༠ ནས་ ༡༢ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་ཆེན་རྒྱུ།  
ཚེས་ ༡༣ ཉིན་ཚེ་དབང་དང་བརྟན་བཞུགས་འབུལ་རྒྱུ།  དྲ་བྱང་།  www.ladakhkalachakra2014.com

ཕྱི་ཟླ་   པ།

  ཟླ་  ཚེས་ ༢༣ ཉིན་འཇར་མན་དུ་འཇིག་རྟེན་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ། འཇར་མན་(Germany)གྱི་གྲོང་ཁྱེར་ཧམ་བྷར་གྷ་(Hamburg)ནང་འཇིག་རྟེན་པའི་བཟང་སྤྱོད་ཀྱི་འགོ་བརྗོད་འོག་མི་སོ་སོའི་རང་བཞིན་ལྷན་སྐྱེས་ཀྱི་ཡ་རབས་གཤིས་བཟང་རྣམས་ཀྱི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ། དྲ་བྱང་། www.dalailama-hamburg.de

  ཟླ་  ཚེས་ ༢༤ ནས་ ༢༦ ཉིན་སྤྱོད་འཇུག་གསུང་ཆོས་དང་སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུ།  ཚེས་ ༢༤ ནས་ ༢༥ ཉིན་གཉིས་ཀྱི་རིང་མཇར་མན་ནིས་གྲོང་ཁྱེར་ཧམ་བྷར་གྷ་(Hamburg)ནང་སྤྱོད་འཇུག་གི་གསུང་ཆོས་བསྩལ་རྒྱུ་དང་།   ཚེས་ ༢༦ ཉིན་གྱི་ཞོགས་པར་སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུ།  དྲ་བྱང་།  www.dalailama-hamburg.de

ཕྱི་ཟླ་  ༩ བ།

   ཟླ་ ༩ ཚེས་༢༤ ནས་ ༢༦ བར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གསུམ་དང་ཕྱེད་ཀའི་རིང་ཨེ་ཤ་ཡའི་མི་རིགས་ལ་སྤྱོད་འཇུག་གི་གསུང་ཆོས་གནང་རྒྱུ་དང་། http://tibetanbc.org/
 
ཕྱི་ཟླ་  ༡༠ བ།
 
   ཟླ་ ༡༠ ཚེས་ ༦ ནས་ ༩ ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བར་གསུང་ཆོས་སྩལ་རྒྱུ། 

    ཟླ་ ༡༠ ཚེས་ ༢༡ ཉིན་རྒྱབ་ཁ་ན་ཊའི་བྷི་སི་མངའ་ཁོངས་ཀྱི་ཝན་ཁོ་ཝར་གྲོང་ཁྱེར་(Vancouver, BC, Canada)དུ་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་དང་ལྷན་དུ་དཔལ་འབྱོར་གྱི་སྐོར་དང་ཀླད་རྩྭའི་ཚན་རིག།སེམས་ཁམས་རིག་པ། སྤྱི་ཚོགས་ལ་ཕན་པའི་སྲིད་བྱུས་ལག་ལེན་བསྟར་སྟངས་བཅས་དང་འབྲེལ་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་ཚན་རིག་Science of Education of the Heartསྐོར་ལ་བཞུགས་མོལ་ཚོགས་འདུ་གནང་རྒྱུ། འབྲེལ་ཡུལ་དྲ་བྱང། www.dalailamacenter.org

    ཟླ་ ༡༠ ཚེས་ ༢༣ ཉིན་ཁ་ན་ཊའི་བྷི་སི་མངའ་ཁོངས་ཀྱི་ཝན་ཁོ་ཝར་གྲོང་ཁྱེར་(Vancouver, BC, Canada)དུ་བྷིར་ཊིས་ཤིས་ཁོ་ལམ་བྷེ་ཡ་བོད་ཀྱི་རིག་གཞུང་ཚོགས་པ་Tibetan Cultural Society of British Columbia དང་། མཚན་སྒྲོག་དགོན་པ་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ UBC Thunderbird Arena ཚོགས་ཁང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ།  འབྲེལ་ཡུལ་དྲ་བྱང། www.dalailamavancouver.com

    ཟླ་ ༡༠ ཚེས་ ༢༥ ཉིན་ཨ་རིའི་ཨ་ལ་བྷ་མ་ Alabama མངའ་ཁོངས་བྷར་མིང་ཧམ་ Birmingham,   གྲོང་ཁྱེར་དུ་ཨ་ལ་བྷ་མ་གཙུག་ལག་སློབ་གྲྭའི་གོ་སྒྲིག་འོག་ཀླད་རྩྭའི་འགྱུར་ལྡོག་དང་གསོ་ཐབས་ Neuroplasticity and Healing ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྩལ་རྒྱུ།

    ཟླ་ ༡༠ ཚེས་ ༢༦ ཞོགས་པ་ཨ་རིའི་ཨ་ལ་བྷ་མ་ Alabama མངའ་ཁོངས་བྷར་མིང་ཧམ་ Birmingham,  གྲོང་ཁྱེར་དུ་ཆོས་ལུགས་ཁག་གི་མི་སྣ་དང་མཉམ་དུ་ཆོས་དད་ཀྱི་ར་བ་ལས་བརྒལ་བ་ Beyond Belief ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལ་ལྷན་བཞུགས་གནང་རྒྱུ། འབྲེལ་ཡུལ་དྲ་བྱང།  www.birminghamhumanrights.com

    ཟླ་ ༡༠ ཚེས་ ༢༦ ཉིན་རྒྱབ་ཨ་རིའི་ཨ་རིའི་ཨ་ལ་བྷ་མ་ Alabama མངའ་ཁོངས་བྷར་མིང་ཧམ་ Birmingham, གྲོང་ཁྱེར་གྱི་རི་ཇན་སུ་ཧྥིལཌ་ Regions Field ཞེས་པར་རང་རེའི་དུས་སྐབས་ཀྱི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ Secular Ethics in Our Time ཅེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ། འབྲེལ་ཡུལ་དྲ་བྱང། www.birminghamhumanrights.com

    ཟླ་ ༡༠ ཚེས་ ༣༠ ཉིན་ཨ་རིའི་བྷོ་སི་ཊོན་གྲོང་ཁྱེར་དུ་ཝེ་དུ་ནམ་ནང་པའི་ཚོགས་པས་the Vietnamese Buddhist community ཇི་ལྟར་གསོལ་བ་བཏབ་པ་ལྟར་ཝང་སྒྱུ་རྩལ་འཁྲབ་སྟོན་བསྟི་གནས་སུ་Wang Centre for Performing Arts དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། སེམས་བསྐྱེད་སྩལ་རྒྱུ། འབྲེལ་ཡུལ་དྲ་བྱང།  www.prajnaupadesa.net

    ཟླ་ ༡༠ ཚེས་ ༣༡ ཞོགས་པ་ཨ་རིའི་བྷོ་སི་ཊོན་ Boston གྲོང་ཁྱེར་དུ་སེམས་དང་སྲོག་ཚོགས་པའི་ Mind and Life Institute གོ་སྒྲིག་ལྟར་བྷོ་སི་ཊོན་མེ་རི་ཡ་ཊ་ཀོབ་ལེ་ Boston Marriott Copley རུ་སྒོམ་སྒྲུབ་ཉམས་ལེན་གྱི་ཉམས་ཞིབ་ཐོག་རྒྱལ་སྤྱིའི་ཚོགས་འདུ་ International Symposium for Contemplative Studies འཚོགས་རྒྱུ། 

    ཟླ་ ༡༠ ཚེས་ ༣༡ ཉིན་རྒྱབ་༧ཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་སེམས་ཀྱི་འགྱུར་བའི་རིན་ཐང་སྦྱོང་བརྡར་ལྟེ་གནས་ The Dalai Lama Centre for Ethics and Transformative Values ཁང་ནས་གོ་སྒྲིག་ལྟར་ཨ་རིའི་བྷོ་སི་ཊོན་གྲོང་ཁྱེར་དུ་འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་མཁན་རླབས་ཆེན་མི་སྣའི་ཚོགས་འདུའི་བགྲོ་གླེང་ལ་ལྷན་བཞུགས་གནང་རྒྱུ། འབྲེལ་ཡུལ་དྲ་བྱང། http://thecenter.mit.edu/visit2014/

ཕྱི་ཟླ་  ༡༡ བ།

    ཟླ་ ༡༡ ཚེས་ ༡ ཞོགས་པར་ཨ་རིའི་བྷོ་སི་ཀྲོན་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་བཀོད་སྒྲིག་ལྟར་TD སྐྱེད་ཚལ་དུ་ཀླད་སེམས་གཉིས་ཀྱི་ཤེས་ཡོན་་Educating the Heart and Mind ཞེས་པའི་བརྗོད་གཞིའི་ཐོག་མི་མང་གསུང་བཤད་སྩལ་རྒྱུ།  འབྲེལ་ཡུལ་དྲ་བྱང། www.bostontibet.org

   ཟླ་ ༡༡ ཚེས་  ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཟླ་སྣང་ཐེབས་རྩ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མན་ཧ་ཀྲན་ལྟེ་གནས་ Manhattan Center རུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དང་། སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུ། འབྲེལ་ཡུལ་དྲ་བྱང།  www.da-nang.org 

   ཟླ་ ༡༡ ཚེས་  ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་བོད་ཁང་གི་གོ་སྒྲིག་ལྟར་བྷེའུ་ཁམ་ཐའེ་ཐར་རུ་ Beacon Theater རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་གསུང་ཆོས་སྩལ་རྒྱུ། འབྲེལ་ཡུལ་དྲ་བྱང། www.tibethouse.us 

  ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རུ་ཡའི་དད་ལྡན་ཆོས་ཞུ་བར་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་སྩལ་རྒྱུ།
 
ཕྱི་ཟླ་  ༡༢ བ།

     ཟླ་ ༡༢ ཚེས་ ༢ ནས་ ༥ བར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་དད་ལྡན་ཆོས་ཞུ་བར་རྗེ་ཙོང་ཁ་བ་ཆེན་པོས་མཛད་པའི་ལམ་རིམ་ཆེན་མོའི་གསུང་ཆོས་སྩལ་རྒྱུ། 

     ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་སངས་རྒྱས་རྗེས་དྲན་གྱི་སྐྱེད་མོས་ཚལ་ Buddha Jayanti Park. དུ་དགའ་ལྡན་ལྔ་མཆོད་ཀྱི་མཆོད་འབུལ་ཟབ་རྒྱས་ཐོག་༧གོང་ས་མཆོག་དབུ་བཞུགས་གནང་རྒྱུ། 

    ཟླ་ ༡༢ ཚེས་ ༢༣ ནས་༢༩ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཏྲི་རུ་བྱང་ཆུབ་ལམ་རིམ་གསུང་ཆོས་སྩལ་རྒྱུ། དྲ་བྱང་།  http://www.jangchuplamrim.org/  ཡང་ན།  http://www.jangchuplamrim.org/