རྡོ་རྗེ་གདན་དུ་གསུང་ཆོས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་ ༦ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་ལག་ལེན་སོ་བདུན་མ་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་། འཇམ་དབྱངས་ཆོས་སྐོར་བཅས་ཀྱི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དེ་བཞིན་རྒྱ་སྐད་དང་། ཧིན་རྡུའི་སྐད། ཝི་ཏི་ནམ་གྱི་སྐད། ར་ཤཱི་ཡའི་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སྐད། སི་པིན་ནེ་ཤིའི་སྐད། ཨི་ཊ་ལིའི་སྐད་བཅས་སུ་གསུང་བསྒྱུར་གྱིས་འབྲེལ་ཡོད་དྲ་ལམ་སོ་སོར་དུས་ཐོག་ཐད་གཏོང་ཞུ་རྒྱུ།

རྒྱ་གར་གྱི་དུས་ཚོད།

ལག་ལེན་སོ་བདུན་མའི་གསུང་ཆོས།

ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བ་རུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ།

ཆུ་ཚོད། སྔ་དྲོ། ༩།༠༠ ནས་༡༠།༣༠ བར།

སྤྱན་རས་གཟིགས་ཀྱི་བཀའ་དབང་།

ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བ་རུ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།

ཆུ་ཚོད། སྔ་དྲོ། ༩།༠༠ ནས་༡༠།༣༠ བར།

འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས།

ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བ་རུ་འཇམ་དབྱངས་ཆོས་སྐོར་གྱི་ཕྱི་ལོ་ ༢༠༡༨ ལོའི་འཕྲོས་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ།

ཆུ་ཚོད། སྔ་དྲོ། ༩།༠༠ ནས་༡༠།༣༠ བར།


(མཛད་སྒོར་ཕེབས་མཁན་ཚོས་སྒྲ་སྡུད་འཕྲུལ་འཁོར་(FM Radio)མཉམ་འཁྱེར་ཆོག་ཀྱང་དེ་མིན་ཁ་པར་སོགས་འཕྲུལ་ཆས་རིགས་འཁྱེར་མི་ཆོག་པ་ལ་ཡིད་གཟབ་གནང་རྒྱུ་དང་།  དབུ་འཛུགས་ཀྱི་ཆུ་ཚོད་ཕྱེད་ཀའི་གོང་རང་གི་སྡོད་གནས་སུ་འཁོད་ཟིན་པ་དགོས།)

མཆན། གསུང་ཆོས་ལ་གསན་གཟིགས་གནང་མཁན་རྣམས་ཀྱིས་རང་རང་གནས་ཡུལ་རྒྱལ་ཁབ་ཀྱི་ཆུ་ཚོད་གང་དུ་འཁེལ་ཡོད་མེད་གཤམ་གྱི་དྲ་བ་ནས་ཐུགས་ཞིབ་གནང་རོགས། https://www.timeanddate.com/worldclock/converter.html