ཡིག་ཚང་།

ཡིག་ཚང་ངོ་སྤྲོད།
མང་མཇལ་སྐོར།
གསར་འགོད་བཅར་འདྲི།

གསལ་བསྒྲགས།
འབྲེལ་བ་གནང་ས།
༧ཏཱ་ལའི་བླ་མའི་དགེ་རྩ།


རྩ་བའི་སྡེ་ཚན།
དགོངས་གཞི།
བཀའ་སློབ།
གསུང་འཕྲིན།
ཡིག་ཚང་།

 

 

ཡིག་ཚང་། > ཏཱ་ལའི་བླ་མའི་དགེ་རྩ།

ྋཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ།


དགེ་རྩ་ཚོགས་པ་འདི་ནི་ ༢༠༠༩ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་སུ་བཀར་ཏེ་བོད་མི་རིགས་ཀྱི་བདེ་དོན་དང། བོད་ཀྱི་གནའ་བོའི་དཔལ་ཡོན། དེ་དང་འབྲེལ་བའི་རྩ་བ་ཟབ་ལ་རིན་ཐང་ལྡན་པའི་བོད་ཀྱི་ཆོས་དང་རིག་གཞུང་གོང་མཐོར་གཏོང་རྒྱུར་ལས་འགུལ་སྤེལ་མཁན་གྱི་སྤྱི་སྒེར་སྒྲིག་འཛུགས་ཁག་གི་ལས་དོན་ལ་རྒྱབ་སྐྱོར་གནང་ཆེད་བཙུགས་པ་ཞིག་ཡིན།

སྤྱིར་འཛམ་གླིང་ཐོག་དགེ་རྩ་ཚོགས་པ་མང་དག་ཅིག་ཡོད་ཀྱང་། ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནི་ཕ་མ་ཉམ་ཐག་ཡིན་ཞིང་འོས་ཆོས་ཚང་བའི་བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གྱི་གོ་སྐབས་སྤྲོད་རྒྱུ་དང་། ན་གཞོན་ཕོ་མོ་ཚོར་གནའ་དེང་ཤེས་ཡོན་གྱི་ལམ་ནས་འཇིག་རྟེན་ཀུན་ཁྱབ་འགན་ཁུར་གི་བསམ་བློ་གོང་མཐོར་གཏོང་རྒྱུར་བློ་སྟོབས་སྤེལ་བ། ནང་ཆོས་དང་ཚན་རིག་དབར་དོན་སྙིང་ལྡན་པའི་བགྲོ་གླེང་གོང་མཐོར་གཏོང་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་གོང་མཐོར་གཏོང་བ། འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་མི་སྒེར་གྱི་འཚར་ལོངས་དང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་གོང་མཐོར་གཏོང་རྒྱུའི་བློ་སྟོབས་སྤེལ་བ། དེ་བཞིན་ཆེས་ཉམ་ཐག་པའི་སྤྱི་ཚོགས་ལ་ངལ་སེལ་དང་མཐུན་འགྱུར་སྦྱར་རྒྱུ་སོགས་ཡིན།

དགེ་རྩའི་ཡོང་འབབ་ནི་དགེ་རྩ་འཛུགས་མཁན་དང་། འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་ཞལ་འདེབས་ལ་བརྟེན་ནས་ཡོང་གི་ཡོད། དགེ་རྩ་ཚོགས་པ་འདི་ནི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ཨ་རིའི་ཁེ་མེད་དགེ་རྩ་ཚོགས་པར་དེབ་སྐྱེལ་བྱས་པའི་དགེ་རྩ་ཚོགས་པ་ཞིག་ཡིན། འཛིན་སྐྱོང་ཐད་དགེ་རྩ་འཛུགས་མཁན་གྱི་གཙོ་སྐྱོང་འོག དགེ་རྩ་ཚོགས་པའི་ཚོགས་མི་ལྷན་རྒྱས་ཀྱིས་གནང་གི་ཡོད་པ་བཅས། ཞིབ་ཕྲའི་གནས་ཚུལ་དགེ་རྩའི་དབྱིན་ཡིག་དྲྭ་ཚུགས་འདིར་  www.dalailamatrust.com གསལ་བས་གཟིགས་པར་འཚལ།

འབྲེལ་བ་གཏུགས་གནང་ས།
The Dalai Lama Trust
241 East 32nd Street
New York, NY 10016
U.S.A.

Tel: +1-212-213-5010
Fax: +1-212-779-9245
Email: trust@dalailama.com



ཡིག་ཆ། 1 ནས། 1 བར། བསྡོམས། 1 ཡོད།

 

ནང་དོན་ཡོད་ཚད་ཀྱི་པར་དབང་སྐུ་སྒེར་ཡིག་ཚང་ལ་ཡོད།