༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ ༢༠༡༢ ལོའི་མཛད་འཆར།
ཐུགས་སྣང་། འདི་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ནང་ཁུལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་དང་བཀའ་སློབ་སོགས་གནང་རྒྱུའི་མཛད་འཆར་ཁག་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ནང་ཆོས་འབྲེལ་སོགས་ཀྱི་སྐབས་དད་ལྡན་མང་ཚོགས་ནས་འཛིན་ཤོག་ཉོ་མི་དགོས་པར་རིན་མེད་ཐོག་གསུང་ཆོས་དང་བཀའ་སློབ་ཞུས་ཆོག ལར་ནས་ྋགོང་ས་མཆོག་གིས་བཀའ་སློབ་གསུང་ཆོས་སོགས་སྩལ་སྐབས་སྐུ་ཡོན་བཞེས་སྲོལ་མེད་མོད། འོན་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གི་མཛད་འཆར་ཕལ་ཆེ་བར་འཛིན་ཤོག་ཉོ་དགོས་ཀྱི་ཡོད། དེ་ཡང་གསུང་ཆོས་དང་བཀའ་སློབ་གོ་སྒྲིག་ཞུ་མཁན་རྣམས་ཀྱིས་ཚོགས་ཁང་གཡར་གླ་སོགས་གྲ་སྒྲིག་འགྲོ་གྲོན་ཁ་གསབ་ཆེད་འཛིན་ཤོག་འཚོང་དགོས་ཚེ་རིན་གོང་གང་དམའ་དམའ་གནང་རྒྱུར་འདི་ག་ཡིག་ཚང་ནས་སྐུལ་མ་བྱེད་ཀྱི་ཡོད། ཕྱག་འཁྱེར་བཞེས་ཕྱོགས་ཐད་འབྲེལ་ཡོད་མཛད་རིམ་གོ་སྒྲིག་ཞུ་མཁན་དང་ཐད་ཀར་རམ་ཡང་ན་ཁོང་ཚོའི་དྲྭ་རྒྱའི་ཁ་བྱང་ཟུར་གསལ་ཐོག་འབྲེལ་བ་གནང་དགོས་དེ་དོན་དགོངས་འཇགས་འཚལ། ཕྱི་ལོ་ ༢༠༡༢ ལོའི་མཛད་འཆར། |