ཡིག་ཚང་།

མདུན་ངོས། / ཡིག་ཚང་།

ཡིག་ཚང་ངོ་སྤྲོད།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་བྲང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་སམ་སྡེ་ཚན་ལྟ་བུ་མ་ཡིན་པར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་ཡིག་ཚང་ཞིག་ཡིན། ཡིག་ཚང་འདིའི་དྲུང་ཆེ་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐད་ཀར་བསྐོ་གཞག་གནང་གི་ཡོད་པ་དང་། ཡིག་ཚང་འདིར་བོད་རིགས་ཀྱིས་གཙོས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་སྣར་འབྲེལ་བ་བྱེད་མཁན་བོད་ཡིག་སྡེ་ཚན་གཅིག་དང༌། ཕྱི་རྒྱལ་བ་དང་རྒྱ་མི་རིགས་ལ་འབྲེལ་བ་བྱེད་མཁན་གྱི་དབྱིན་ཡིག་དང་རྒྱ་ཡིག་སྡེ་ཚན་གཉིས་བཅས་སྡེ་ཚན་གཙོ་བོ་གསུམ་ཡོད།

ཏཱ་ལའི་བླ་མའི་དགེ་རྩ།

ཏཱ་ལའི་བླ་མའི་དགེ་རྩའི་སྐོར་འདིར་འགོད་དགོས།

གསར་འགོད་བཅར་འདྲི།

འཛམ་གླིང་ཡུལ་གྲུ་ཁག་གི་གསར་ཤོག་དང་། བརྙན་འཕྲིན། རླུང་འཕྲིན། དྲ་རྒྱ་སོགས་ཀྱི་གསར་འགོད་པ་དང་། དེ་བཞིན་སྙན་གྲགས་ཅན་གྱི་རྩོམ་སྒྲིག་པའམ་རྩོམ་པ་པོ་སོགས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་གི་གནས་ཚུལ་སྤྱི་དང་། ལྷག་པར་ནང་ཆོས་དང་བོད་དོན་སྐོར་སོགས་གནས་ཚུལ་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུ་འདོད་ཀྱི་རེ་འདུན་ཞུ་མཁན་རྣམས་ལ། ྋགོང་ས་མཆོག་གི་ངོས་ནས་གདུལ་བྱའི་ཁམས་དང་མོས་པར་གཞིགས་པའི་དགོངས་ཚུལ་གནང་བཞེད་ཡོད་ཀྱང་། གཙོ་བོ་ྋགོང་ས་མཆོག་གི་མཛད་འཆར་ཁག་དང་བསྟུན་དགོས་པའི་ཐོག་བཀའ་འདྲི་ཞུ་བའི་དགོས་དམིགས་ལ་གཞིགས་ཏེ། སྐུ་སྒེར་ཡིག་ཚང་ནས་གོ་སྒྲིག་ཐུབ་མིན་ཐག་གཅོད་བྱེད་རྒྱུ་ཡིན།

མཇལ་ཁའི་སྐོར་ངོ་སྤྲོད།

༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་སྲིད་ཀྱི་དབུ་ཁྲིད་དང་། ལས་རིགས་འདྲ་མིན་གྱི་གལ་ཆེའི་མི་སྣ། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ། མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་མང་ཚོགས་ཁོངས་ནས་ཟུར་མཇལ་ཞུ་བ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་གྱིས་མང་མཇལ་ཞུ་བའི་རེ་འདུན་རྒྱུན་མི་ཆད་པར་འདོན་བཞིན་ཡོད་ན་ཡང་། ྋགོང་ས་མཆོག་གི་མཛད་འཆར་དང་། མཇལ་ཁ་ཞུ་མཁན་ཁོངས་གལ་ཆེའི་རང་བཞིན་དང་དམིགས་བསལ་གྱི་རང་བཞིན་ལ་གཞིགས་ཏེ་སྐུ་སྒེར་ཡིག་ཚང་ནས་སྟངས་འཛིན་ཐག་གཅོད་བྱེད་དགོས་སྟབས། ཚང་མའི་འདོད་བློ་སྐོང་ཐབས་བྲལ།

འབྲེལ་བ་ཞུ་ཡུལ།

Office: ohhdl@dalailama.com

Mailing address:
The Office of His Holiness the Dalai Lama
Thekchen Choeling
P.O. McLeod Ganj
Dharamsala
Himachal Pradesh (H.P.) 176219
India

Telephone:
+91-1892-221343      
+91-1892-221879
 
Fax:
+91-1892-221813

ཡིག་ཚང་།

Office: ohhdl@dalailama.com

Mailing address:
The Office of His Holiness the Dalai Lama
Thekchen Choeling
P.O. McLeod Ganj
Dharamsala
Himachal Pradesh (H.P.) 176219
India

Telephone:
+91-1892-221343      
+91-1892-221879
 
Fax:
+91-1892-221813

ཡིག་ཚང་ངོ་སྤྲོད།

མཇལ་ཁའི་སྐོར་ལ་ངོ་སྤྲོད།

གསར་འགོད་བཅར་འདྲི།