༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • ལེགས་བཅོས་སྤྱི་ཚོགས།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

མོན་པའི་སློབ་ཕྲུག་ཚོགས་པས་བརྟན་བཞུགས་བསྟར་འབུལ། ༢༠༢༥ ཟླ་བ་ ༡༡ ཚེས་ ༡༡

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་མོན་ཡུལ་ན་གཞོན་སློབ་ཕྲུག་ཚོགས་པ་ཐུན་མོང་གིས་མདོ་ལུགས་ཀྱི་བརྟན་བཞུགས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་བསྟུན་མོན་ཡུལ་སྐྱེ་འགྲོ་རྣམས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བླ་མའི་རྗེས་སུ་གཟུང་བའི་གསོལ་འདེབས་དང་འབྲེལ་བྱམས་བརྩེ་ལོའི་སྲུང་བརྩེའི་ཆེད་དུ་མོན་པའི་སློབ་ཕྲུག་ཚོགས་པས་མདོ་ལུགས་ཀྱི་བརྟན་བཞུགས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུ་ཆེད་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག་ཕོ་བྲང་རྒྱལ་སྒོ་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་བླ་མ་ངག་དབང་ནོར་བུ་རིན་པོ་ཆེ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དཀོན་མཆོག་བཀྲ་ཤིས་ལགས་གཙོས་གནད་ཡོད་མི་སྣ་ལྔས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཕེབས་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་༸མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།

ངོས་རང་༸རྒྱལ་དབང་གོང་མ་ཚོའི་ཡང་སྲིད་ལ་ངོས་འཛིན་བྱས་ཏེ་ཡོངས་འཛིན་གླིང་རིན་པོ་ཆེ་གཙོ་གནང་སྟེ་ཡོངས་འཛིན་རྣམ་པའི་མདུན་ནས་དཔེ་ཆ་དགའ་རབ་བལྟས་ཡོད། དུས་ལོག་ཡོང་བའི་སྐབས་སུ་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུར་ཚུར་རྒྱ་གར་བྱང་རྒྱུད་ཀྱི་ས་ཆར་སླེབས་པ་དང་། འཛམ་གླིང་འདིའི་སྟེང་ས་ཆ་མང་པོ་ཞིག་ལ་ངོས་རང་འབྲེལ་བ་ཡོང་གི་ཡོད་ལ། མི་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་བཞིན་འདུག གང་ལྟར་ངོས་རང་ཕ་ཡུལ་མདོ་སྨད་ནས་སྐྱེས་ཏེ་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཉིན་མཚན་དུས་དྲུག་ཏུ་བསམ་ནས་བསྡད་པ་ཡིན། རྒྱ་གར་ལ་བསྡད་ནས་འགྲོ་དོན་བྱས་ཏེ་དེ་རིང་དུས་ཚོད་ལ་འདིར་བསྡད་པ་དེ་ལྟར་རེད། རིམ་པའི་རྒྱ་གར་རྡོ་རྗེ་གདན་གྱིས་མཚོན་པའི་གནས་ཆེན་ཁག་ལ་འགྲོ་རྒྱུ་དང་། དེ་ཙམ་དུ་མ་ཟད་བོད་དང་རིམ་པའི་རྒྱ་ནག་གི་ནང་པ་ཚོ་ལ་ངོས་ཀྱིས་ཕན་ཐོགས་ཕལ་ཆེར་དགའ་རབ་བྱེད་ཐུབ་པ་རེད་འདུག

ངོས་རང་ལོ་དགའ་རབ་སླེབས་པ་རེད་དེ་གཟུགས་པོ་ཧ་ཅང་བདེ་བོ་འདུག བསྟན་པའི་ཞབས་འདེགས་སྒྲུབ་རྒྱུ་དང་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་རྣམས་ལ་ཆོས་ཀྱི་སྙིང་དོན་འགྲེལ་བཤད་རྒྱག་པའི་གོ་སྐབས་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་འདུག ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ནོར་གླིང་ནས་ཐོན་ཁར་སྨོན་ལམ་བརྒྱབ་སྟེ་བསྟན་པ་དང་འགྲོ་བའི་དོན། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་བསྟན་སྲིད་དོན་དུ་སྨོན་ལམ་བརྒྱབ་ནས་ཐོན་ཡོང་བ་ཡིན། ནོར་གླིང་ནས་ཐོན་ཏེ་གཙང་པོ་བརྒལ་ནས་ཡོང་དུས་སེམས་ཏོག་ཙམ་སྐྱོ་བོ་བྱུང་ཡང་། ཀོ་གྲུ་གཏོང་མཁན་ཚོས་ངོས་ལ་སེམས་གསོ་བཏང་ནས་༸རྒྱལ་བ་རིན་པོ་ཆེ་གནས་སྐབས་རིང་ལྷ་ས་ནས་ཐོན་དགོས་པ་ཆགས་ཀྱི་ཡོད་ཀྱང་། བོད་ཀྱི་བསྟན་སྲིད་དོན་དུ་མཛད་པ་འཕྱུག་པ་ཡོད་པ་མ་རེད་ཅེས་ཧ་ཅང་ཤུགས་ཆེན་པོ་བརྗོད་བྱུང་། སྙིང་རྗེ། དེ་ངོས་ཀྱི་སེམས་ལ་ཟུག་པོ་བྱུང་།

དེ་ལྟར་རིམ་པས་རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ལ་སླེབས་པ་དང་། དེ་ཙམ་དུ་མ་ཟད་པའི་འཛམ་གླིང་གི་ས་ཁུལ་མང་པོར་སླེབས་པ་རེད། གང་ལྟར་ས་གནས་གང་དུ་ཕྱིན་པ་ཡིན་ནའང་ལུས་འདི་དང་འབྲེལ་བའི་བསམ་བློ་ནི་ལྷག་བསམ་རྩེ་གཅིག་པ། དངོས་གནས་བསྟན་པ་དང་འགྲོ་བའི་དོན་དུ་ཞབས་འདེགས་ཧུར་ཐག་སྒྲུབ་བསམ་པའི་བློ་ཁྱོན་ནས་ཡལ་བ་མེད་པ་དང་། དཀའ་ངལ་འཕྲད་པའི་སྐབས་སུའང་སེམས་ཞུམ་པ་མེད་པར་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། ཧུར་ཐག་བྱས་པའི་ལག་རྗེས་ལ་འཛམ་གླིང་འདིར་ངོས་ཀྱི་མིང་ཡིན་ནའང་རེད། དེ་བཞིན་ངོས་ཀྱིས་སངས་རྒྱས་ཀྱི་ཆོས་འགྲེལ་བཤད་བརྒྱབ་པ་དེ་མང་པོ་ཞིག་གི་སེམས་ལ་ཟུག་པོ་དང་ཕན་པོ་བྱུང་ནས་བསྟན་པ་དང་འགྲོ་བའི་དོན་དུ་གང་ལ་གང་འཚམ་གྱིས་ཕན་ཕོགས་དངོས་གནས་བྱུང་གི་ཡོད་པ་རེད། མུ་མཐུད་དུ་ཧུར་ཐག་བྱེད་ཀྱི་ཡིན། བཀྲ་ཤིས་བདེ་ལེགས། ཞེས་དང་།

ངོས་རང་རྒྱ་བོད་ཀྱི་ས་མཚམས་ཟི་ལིང་ནས་སྐྱེས་ཤིང་། དེ་ནས་ཡར་ལྷ་སར་སླེབས་པ་དང་། དུས་ཀྱི་འགྱུར་བ་རིམ་པར་ཕྱིན་ནས་དེ་རིང་ང་ཚོ་རྒྱ་གར་བྱང་རྒྱུད་དུཡོད་པ་རེད། རྒྱ་གར་ས་ཆ་གང་དུ་ཕྱིན་པ་ཡིན་ནའང་ཡུལ་མི་ཚོས་ཧ་ཅང་དགའ་བོ་བྱེད་བཞིན་འདུག ངོས་རང་ལ་མཚོན་ནའང་ཡུལ་བ་འདྲ་མིན་ཡོད་པ་ཚོས་ཕྱོགས་གཅིག་ནས་ངོས་ལ་དད་པ་རེད། ཡང་དགའ་ཞེན་རེད། དེ་ལྟར་འགྱུར་བ་མེད་པར་ཤུགས་ཆེན་པོ་ཡོད་པ་ཞིག་མངོན་གསལ་དོད་པོ་འདུག དེར་བརྟེན། ངོས་རང་ཞོགས་པ་གཉིད་སད་པ་དང་དད་པ་ཅན་ཚོར་སངས་རྒྱས་པའི་ཆོས་ཀྱི་བྱིན་རླབས་ཡོང་བ་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད།

ངོས་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་དུས་ནམ་གྱི་ཚེ་ཡང་འགྱུར་བ་མེད་པར་སེམས་ཤུགས་བསྐྱེན་བཞིན་ཡོད། དེ་རིང་འདིར་ཁྱོད་ཚོ་རྒྱ་གར་ཤར་ཕྱོགས་ཀྱི་ས་མཚམས་མོན་ཡུལ་ནས་དད་པས་ཀུན་ནས་བསླངས་ཏེ་ངོས་ལ་ཐུག་པར་དགའ་བོ་བྱས་ཏེ་འཛོམས་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་ཁྱོད་ཚོས་བརྟན་བཞུགས་གནང་གི་ཡོད་པ་རེད། མ་ཎི་དང་ཨ་ར་པ་ཙ། ཏཱ་རེ་བཅས་ཀྱི་ལྗགས་ལུང་འདོན་རྒྱུ་ཡིན་རྗེས་བཟློས་བྱོས། ཅེས་བཀའ་སློབ་སྩལ་རྗེས་སྤྱན་རས་གཟིགས་ཀྱི་བསྟོད་པ་དང་གཟུངས་སྔགས། འཇམ་པའི་དབྱངས་ཀྱི་བསྟོད་པ་དང་གཟུངས་སྔགས། སྒྲོལ་མའི་བསྟོད་པ་དང་གཟུངས་སྔགས་བཅས་ཀྱི་བཟླས་ལུང་བཀའ་དྲིན་སྩལ་བ་དང་། སྐབས་དེར་སྤྱན་རས་གཟིགས་བོད་ཀྱི་ལྷ་སྐལ་རེད། ཧ་ཅང་དམིགས་བསལ་རེད། ཀུན་སློང་རྣམ་པར་དག་པའི་གཞན་ཕན་གྱི་བློ་ཡག་པོ་ཡོད་པ་ཡིན་ནའང་། ཤེས་རབ་ཀྱི་རྣམ་དཔྱོད་མེད་ན་ཁ་ཐུག་དེར་ཕན་དང་མ་ཕན་མི་ཤེས་པ་རེད། དེར་བརྟེན། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་བགྲངས་ནས་སེམས་ཀྱི་གཞན་ཕན་གྱི་བློ་ལྷང་ལྷང་ཡོད་པའི་ཐོག་ནས་གཞན་ལ་ཕན་ཐོགས་སྒྲུབ་པའི་ནུས་པ་ཆེ་ཤོས་ཤེས་རབ་ཆགས་ཡོད་པས་སོ་སོ་རང་གི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཡིན་ལུགས་ཀྱི་དོན་ལ་དཔྱད་པ་བྱེད་པའི་ནུས་པ་རྫོགས་དུས་རང་དོན་ཡང་དེ་ལས་ལྷག་པ་ཡོད་མ་རེད། གཞན་དོན་ལ་ཆ་བཞག་ནའང་དེ་ལས་ལྷག་ཡོད་མ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།

དེ་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་འགན་འཛིན་བླ་མ་ངག་དབང་ནོར་བུ་རིན་པོ་ཆེས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་པ་དང་། སློབ་དཔོན་རྡོ་རྗེ་རྣམ་རྒྱལ་ལགས་ཀྱིས་དབུ་ཞྭ་འདེབས་འབུལ། སྔགས་རམས་པ་བྱམས་པ་དངོས་གྲུབ་ལགས་ཀྱིས་ལྷུང་བཟེད་འདེགས་འབུལ། དགེ་སློང་འཇིགས་མེད་ལགས་ཀྱིས་འཁར་བསིལ་འདེགས་འབུལ་དང་འབྲེལ། རྒྱལ་སྲས་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་རིམ་པར་འདེགས་འབུལ་གྱིས་བརྟན་བཞུགས་གོ་སྒྲིག་ཞུ་མཁན་མི་སྣ་ཁག་ཅིག་གིས་མཇལ་ཁ་ཞུས།

བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་མོན་ཡུལ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས་བཀའ་དྲིན་གཏང་རག་གི་མཎྜལ་འདེགས་འབུལ་ཞུས་ཤིང་། དགེ་བཤེས་རིན་ཆེན་ལགས་ཀྱིས་སྐུ་རྟེན་དང་བློ་བཟང་ཤཱཀྱ་ལགས་དང་དངོས་གྲུབ་ལགས་ནས་གསུང་རྟེན་དང་ཐུགས་རྟེན་འདེགས་འབུལ་དང་འབྲེལ་མོན་ཡུལ་སློབ་ཕྲུག་ཚོགས་པའི་འཐུས་མི་ཁག་ཅིག་གིས་མཇལ་ཁ་ཞུས་མཚམས་རྟན་བཞུགས་གསོལ་འདེབས་ཀྱི་མཛད་རིམ་ལེགས་པར་གྲུབ་པ་དང་། གླུ་གར་གྱི་མཆོད་པ་ཕུལ་བ་དང་། མཐར་མོན་ཡུལ་ནས་ཆེད་བཅར་དད་ལྡན་ལྔ་བརྒྱ་བརྒལ་བར་མང་མཇལ་བཀའ་དྲིན་སྩལ་རྗེས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༢༥ ཟླ་ ༥ ཚེས་ ༡༡ ཉིན་སྩལ་བའི་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • ༡༩༩༧ ཕྱི་ཟླ་ ༧ ཚེས་ ༢༩ ཉིན་སྩལ་བའི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་གྱི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
  • མཛད་རྣམ་དང་གསུང་འཕྲིན།
    • གལ་ཆེའི་གསུང་འཕྲིན།
      • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
      • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
      • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན།
    • བོད་རིགས་ལ་གསུང་འཕྲིན།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
    • རྒྱ་རིགས་ལ་གསུང་འཕྲིན།
      • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
      • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
    • གསུང་འཕྲིན་གཞན།
      • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
      • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
      • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
      • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
    • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
    • མཛད་རྣམ་ཕྱོགས་བསྡུས།
      • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
      • མཛད་རྣམ་སྙིང་བསྡུས།
    • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
      • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
      • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
    • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
      • གླེང་གཞི།
      • ལེའུ་དང་པོ། སོ་ནམ་པའི་བུ།
      • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
      • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
      • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
      • ལེའུ་ལྔ་པ། བཙན་འཛུལ།
      • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
      • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
      • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
      • ལེའུ་དགུ་པ། ཟིང་འཁྲུག
      • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
      • ལེའུ་བཅུ་གཅིག་པ། བཙན་བྱོལ།
      • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
      • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
      • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
      • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
    • གཟེངས་རྟགས་རེའུ་མིག
    • དུས་འཁོར་དབང་ཆེན།
    • གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
    • ཆིབས་བསྒྱུར་ཐོ་གཞུང་།
      • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
  • ཡིག་ཚང་།
    • མང་ཚོགས་ལ་མཇལ་ཁ།
    • ཟུར་མཇལ།
    • གསར་འགོད་པའི་བཅར་འདྲི།
    • གདན་ཞུ།
    • འབྲེལ་བ་ཞུ་ཡུལ།
    • ལེགས་བཅོས་སྤྱི་ཚོགས།
  • གསུང་རྩོམ།
  • ཐད་ཀར་རྒྱང་བསྲིང་།