༢༠༢༡ ཟླ་བ་ ༡ ཚེས་ ༥ - ཚེས་ ༧
ཉིན་གསུམ་རིང་གི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་ཀོ་རི་ཡའི་ནང་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཤེས་རབ་སྙིང་པོའི་བཀའ་ཆོས་དང་ཆོས་ཞུ་བའི་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་སྩལ་རྒྱུ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ།
༢༠༢༡ ཟླ་བ་ ༡ ཚེས་ ༡༠
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར་སའི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) ལགས་དང་། དེ་བཞིན་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་(The Crisis of Climate Feedback Loops) ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ་དང་།
མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༡ ཚེས་ ༡༧
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་༡༠ བར་ཨ་རིའི་ཧར་ཝར་ཌི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚོང་རིག་སྡེ་ཚན་གྱི་སློབ་དཔོན་ཨ་ཐར་བྷོར་ཁུ་སི་(Prof. Arthur Brooks)དང་ལྷན་དུ་ཧར་ཝར་ཌི་ཚོང་རིག་སློབ་གྲྭའི་(the Harvard Business School)དབུ་ཁྲིད་དང་བདེ་སྐྱིད་ཅེས་པའི་སློབ་ཚན་དང་འབྲེལ་ནས་གསུང་མོལ་དང་། ཚོང་རིག་སློབ་གྲྭའི་སློབ་མ་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༡ ཚེས་ ༢༢
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཨིན་ཇིའི་སློབ་གྲྭའི་(The British School in New Delhi)གསོལ་འདེབས་ཞུས་དོན་ལྟར་བདེ་ཐང་དང་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་སློབ་གྲྭ་དེ་གའི་སློབ་ཕྲུག་རྣམས་ཀྱི་དྲི་བར་བཀའ་ལན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༡ ཚེས་ ༢༧
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་གྲོང་སྡེའི་སྤྱི་ཁྱབ་པ་ཁག་ཅིག་དང་ལྷན་དུ་བྱམས་བརྩེ་ལྡན་པའི་དབུ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་གླེང་དང་དྲི་བ་དྲིས་ལན་སྩལ་རྒྱུ། དྲ་ལམ་བརྒྱུད་བགྲོ་གླེང་འདི་བཞིན་སྲིད་བྱུས་བགྲོ་གླེང་བསྟི་གནས་ཁང་ (Institute for Strategic Dialogue)དང་། ཨ་རིའི་གྲོང་སྡེ་སྤྱི་ཁྱབ་ཁག་གི་ལྷན་ཚོགས་(United States Conference of Mayors (USCM)ཟུང་འབྲེལ་ཐོག་སྟོབས་ལྡན་གྱི་གྲོང་ཁྱེར་འབྲེལ་མཐུད་ཚོགས་པས་the Strong Cities Network (SCN)གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༢ ཚེས་ ༨
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠།༣༠ བར་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་དང་དྲི་བ་དྲིས་ལན་མཛད་རྒྱུ།མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༢ ཚེས་ ༡༧
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཉེན་རྟོག་པའི་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་ཉེན་རྟོག་པའི་ལས་འགན་ནང་དུ་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༢ ཚེས་ ༢༧
ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༧ ཉིན་བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠ བར་དྲ་ལམ་བརྒྱུད་སྐྱེས་རབས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོའི་བཀའ་ཆོས་དང་། ལ་དྭགས་སེམས་བསྐྱེད་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༣ ཚེས་ ༥
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ (Tibetan Buddhist Center, Singapore) གཙོས་པའི་ཚོགས་པ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་ཉིན་དང་པོར་དྲ་ལམ་བརྒྱུད་རྒྱ་གར་གྱི་ཆུ་ཚོད་ ༩།༣༠ ནས་ ༡༡།༠༠ བར་དབུ་བཞུགས་དང་བཀའ་སློབ་བཀའ་དྲིན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༣ ཚེས་ ༡༡ - ཚེས་ ༡༣
ཉིན་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་ ༡༠།༣༠ བར་དྲ་ལམ་བརྒྱུད་ཆོས་འབྲེལ་དང་ཚན་རིག་སྐོར་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༡༡ ཉིན་སོག་རིགས་གཞོན་སྐྱེས་ཚོར་ཚན་རིག་གི་སྐོར་ནས་བཀའ་སློབ་དང་དྲི་བ་དྲིས་ལན་གནང་རྒྱུ་དང་། ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་སོག་པོའི་དད་ལྡན་མི་མང་ལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༣ ཚེས་ ༢༩
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ར་ཤཱི་ཡའི་གཙུག་ལག་སློབ་གཉེར་ཁང་ལྔ་ཡི་སློབ་ཕྲུག་རྣམས་ལ་འགྱུར་ལྡོག་དུས་རིམ་ཁྲོད་ཀྱི་ང་ཚོའི་འཛམ་གླིང་(the theme Our World in the Time of Change)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
མཐོ་སློབ་ལྔ་ནི། མོ་སི་ཁོ་གཙུག་ལག་མཐོ་སློབ། (Moscow State University)སེནཌ་པི་ཀྲར་སི་རྦརྒ་གཙུག་ལག་མཐོ་སློབ། (St. Petersburg State University) ཀལ་མུག་མངའ་སྡེའི་གཙུག་ལག་མཐོ་སློབ། (Kalmyk State University) འབུར་ཡ་ཏ་གཙུག་ལག་མཐོ་སློབ། (Buryat State University) དང་ and ཐུ་ཝ་གཙུག་ལག་མཐོ་སློབ། (Tuvan State University) བཅས་ཡིན།
༢༠༢༡ ཟླ་བ་ ༤ ཚེས་ ༢
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་༩ ནས་ ༡༠ བར་རྦོལ་ཊིག་མཚོ་རྒྱུད་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣའི་སྐུ་ཚབ་ཁག་གཅིག་དང་ལྷན་དུ་ད་ལྟ་དང་མ་འོངས་པའི་ཡ་རབས་དང་སྤྱོད་བཟང་སྐོར་ལ་བགྲོ་གླེང་མཛད་རྒྱུ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༤ ཚེས་ ༧
ཨི་ཊ་ལིའི་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྒྱ་གར་གྱི་ཆུ་ཚོད་ ༩།༠༠ ནས་ ༡༠།༣༠ བར་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།
༢༠༢༡ ཟླ་བ་ ༤ ཚེས་ ༡༢
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩ ནས་ ༡༠ བར་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཀའ་ལན་སྩལ་རྒྱུ་དང་། བཀའ་འདྲི་གནང་མཁན་གྱི་ལས་འགུལ་བ་རྣམས་ནས་སྤྱི་ཚོགས་དང་། རེ་བ། སྙིང་རྗེ། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་བརྗོད་གཞིའི་ཐོག་འགྲོ་བ་མི་རྣམས་འཇིག་རྟེན་སྤྱི་ལ་ལྷག་བསམ་འགན་ཁུར་དང་དྲན་ཤེས་ཆེས་ཆེར་བསྟེན་ཐབས་བཅས་སུ་ཁ་ཕྱོགས་བསྒྱུར་བར་སྨན་པའི་ཆེད་དྲི་བ་འབུལ་འཆར་ཡིན་པ་རེད། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།