༢༠༢༦ ཟླ་བ་ ༡༠ ཚེས་ ༡
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཕོ་བྲང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རི་ཨན་མཱ་སི་ཊི་མཆོག་གིས་དབུ་ཁྲིད་པའི་སྤྱི་མཐུན་ཚོགས་པ་དང་། མང་གཙོ་ཚོགས་པའི་འཐུས་བཅས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལ་མཇལ་འཕྲད་གནང་ཡོད།
༢༠༢༦ ཟླ་བ་ ༩ ཚེས་ ༤
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནས་ཟླ་གཉིས་ལྷག་གི་རིང་མི་མང་ལ་ཆོས་འབྲེལ་དང་མཇལ྄་ཁ་སོགས་ཀྱི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་གླེ་ཡི་བ་ཀུ་ལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
༢༠༢༦ ཟླ་བ་ ༩ ཚེས་ ༡
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུ་དང་དགོན་ཚོགས། ལ་དྭགས་ཨན་ཇུ་མན་ཨི་མ་མི་ཡ། ན་ཇུ་མན་མོ་ཡིན་ཨུལ་ཨི་སི་ལཱམ་བཅས་ཁ་ཆེའི་ཆོས་ཚོགས། དེ་བཞིན་གླེ་ཡི་ཡི་ཤུའི་ཚོགས་བཅས་ནས་གུས་བསྟོད་གསོལ་སྟོན་འདེགས་འབུལ་ཞུས་་ཡོད་པ་རེད།
༢༠༢༦ ཟླ་བ་ ༨ ཚེས་ ༣༠
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ནང་པའི་ཚོགས་འདུ་དང་། ལ་དྭགས་དགོན་ཚོགས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཞི་བའི་ཚལ་གསུང་ཆོས་ར་བར་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
༢༠༢༦ ཟླ་བ་ ༨ ཚེས་ ༢༣
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མང་སྤྲོ་དཔལ་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན་དུ་ཕྱི་ལོ་ ༢༠༢༦ ལོའི་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་དང་། གཟུངས་སྔགས་ཁག་ཅིག་གི་ལྗངས་ལུང་བཀའ་དྲིན་སྩལ་ཡོད་པ་རེད།
༢༠༢༦ ཟླ་བ་ ༨ ཚེས་ ༡༦
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་རྒྱ་གར་གྱི་ས་མཚམས་ཀྱི་དམག་སྡེ་(ITBF)ཡི་སྤྱི་ཁང་གསར་པ་དབུ་འབྱེད་བྱིན་རླབས་དང་། གླེ་ཡི་དགོན་པ་གྲོང་སྡེའི་སྟོན་པའི་སྐུ་བརྙན་ཆེན་མོར་གནས་གཟིགས་དང་རབ་གནས་མཛད་ཡོད་པ་རེད།
༢༠༢༦ ཟླ་བ་ ༨ ཚེས་ ༩
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ཧཱ་བྷོ་དྷི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གྱིས་སངས་རྒྱས་སྟོང་སྐུར་རབ་གནས་བྱིན་རླབས་དང་། ལྟེ་གནས་ཀྱི་བགྲེས་ཁང་ལུས་སྟོབས་ཉམས་ཆུང་ཀུན་གྱི་ཁྱིམ་ཞེས་པའི་རྨང་རྡོ་འཇོག་གནང་མཛད་ཡོད་པ་རེད།










