༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་གཡོན་པར་སྨན་བཅོས་སླད་སང་ཉིན་ཚེས་ ༥ ཉིན་རྡ་རམ་ས་ལ་ནས་ལྡི་ལིར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཡོད། ཞབས་པུས་སྨན་བཅོས་གྲུབ་སྟེ་དྲག་སྐྱེད་ཟིན་མཚམས་ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་དུས་ཡུན་རིང་ཙམ་བཞུགས་གཏན་འཁེལ་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ།
དགའ་ལྡན་ཕོ་བྲང་ཡིག་ཚང་ནས། ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༤ ཉིན།










