༄༅། །ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ལྡི་ལི་ནས་ཨེ་པོ་ལོ་སྨན་ཁང་གི་སྨན་པ་རྒན་པ་རཱ་ཇེཤ་མལྷོ་ཏྲཱས་གསུངས་པར། ཕྱི་ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་ལྡི་ལིར་༸གོང་ས་མཆོག་གི་ཞབས་པུས་གཡོན་པར་གཤགས་བཅོས་ལེགས་གྲུབ་བྱུང་ཡོད།
སྨན་བཅོས་དེའི་རིང་སྐུ་བཅར་སྨན་པ་རྣམས་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཞབས་ཞུ་བ་རྣམས་ཀྱིས་ཨེ་པོ་ལོ་སྨན་ཁང་གི་འཛིན་སྐྱོང་དང་སྨན་བཅོས་ཚོགས་ཆུང་མཉམ་དུ་ཕྱར་བ་གྲུ་འདེགས་དམ་ཟབ་གནང་བྱུང་ལ། ༸གོང་ས་མཆོག་ད་ལྟ་སྐུ་གཟུགས་བདེ་ཐང་ཡིན་པ་དང་མགྱོགས་མྱུར་དྭངས་བསྐྱེད་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་གྱི་སྔ་དྲོ་སྨན་ཁང་ནས་ཕེབས་ཐོན་གནང་ཟིན།
ཨེ་པོ་ལོ་སྨན་ཁང་དང་སྨན་བཅོས་ཚོགས་ཆུང་ལ་༸གོང་ས་མཆོག་ལ་སྨན་བཅོས་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་བྱུང་བར་ཆེས་དགའ་སྤོབས་ཆེན་པོ་བྱུང་། ང་ཚོ་ལ་ཡིད་ཆེས་དང་གདེང་འཇོག་གནང་ནས་༸གོང་ས་མཆོག་ལ་སྲི་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ།
ལྡི་ལིའི་ཨིནྡྲ་པྲསྠ་ཨེ་པོ་ལོ་སྨན་ཁང་གི་སྨན་པ་རྒན་པ་རཱ་ཇེཤ་མལྷོ་ཏྲཱ་ནས།










