༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༠༢༥ ཟླ་བ་ ༧ ཚེས་ ༢༣

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ནང་པའི་ཚོགས་པ་དང་། ཟངས་དཀར་དགོན་པ་ཚོགས་པ། དཀར་ཤ་དབྱར་ཆོས་ཆེན་མོ་གོ་སྒྲིག་ཚོགས་ཆུང་བཅས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ཟངས་དཀར་དཔའ་ལྡུམ་གྲུ་འཛིན་ཕོ་བྲང་གི་དུས་དབང་གསུང་ཆོས་ར་བར་མཆོད་རྟེན་བྱ་རུང་ཁ་ཤོར་གསར་བཞེངས་ཀྱི་ས་གཞི་བྱིན་རླབས་མཛད་པ་དང་། དུས་འཁོར་ལྷ་ཁང་དུ་གནས་བརྟན་ཕྱག་མཆོད་ཀྱི་ཆོ་གའི་སྒོ་ནས་མགོན་པོ་མཆོག་ལ་གོ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དཀར་ཤ་ཕོ་བྲང་ནས་ཆིབས་འཁོར་བརྒྱུད་གྲུ་འཛིན་ཕོ་བྲང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བལ་ཡུལ་གྱི་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ལྟ་བུ་ཞིག་གསར་བཞེངས་གནང་འཆར་ཡོད་པའི་ས་གཞིར་བྱིན་རླབས་དང་རབ་གནས་མཛད་པ་མ་ཟད། རྩིག་རྨང་འཇོག་གནང་མཛད་པ་དང་། དེ་རྗེས་དུས་འཁོར་ལྷ་ཁང་དུ་ཆིབས་བསྒྱུར་སྐབས་ཟངས་དཀར་ཡུལ་གྱི་དད་ལྡན་སེར་སྐྱ་མང་པོས་ཕེབས་བསུ་དང་། མི་སྐྱ་ཕོ་མོ་རྒན་གཞོན་དང་སློབ་ཕྲུག་སོགས་ནས་དུས་དབང་གསུང་ཆོས་ར་བར་རྟགས་བསལ་གཟིགས་འབུལ་དང་འབྲེལ་མགོན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་མདོ་ལུགས་བརྟན་བཞུགས་དབུ་འཛུགས་མཛད་དེ་ཞལ་འདོན་རིམ་པ་བཞིན་གནང་ཞིང་། བརྟན་བཞུགས་ཀྱི་ཞལ་འདོན་གྲུབ་མཚམས། ང་ཡི་རྩ་བའི་བླ་མ།། སྐུ་ཚེ་བསྐལ་བརྒྱར་བརྟན་ཅིག། ཅེས་ཟངས་དཀར་ཡུལ་གྱི་གཞོན་སྐྱེས་ཕོ་མོ་ཁག་ཅིག་གིས་གཞས་སྣ་གཟིགས་འབུལ་ཞུས་པ་དང་། མཐར་བརྟན་བཞུགས་ཀྱི་ཞལ་འདོན་ཡོངས་སུ་ལེགས་པར་གསུངས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་གནས་ཁྱད་པར་ཅན་འདིར་ངོས་ཀྱི་ལོ་དང་བསྟུན་ནས་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བ་རེད། གང་ལྟར་ངོས་རང་ཏན་ཏན་ཚེ་རིང་པོར་སྡོད་ཀྱི་རེད། བསྟན་པ་དང་འགྲོ་བའི་དོན་དུ་དུས་ད་ལྟའི་བར་དུ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་དུས་ཡིན་ནའང་རེད། བར་སྐབས་དཀའ་ངལ་གྱི་འོག་ནས་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་ཡིན་ནའང་རེད། སོག་ཡུལ་དང་རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ས་ཆ་ཚོ་ཨ་ཅང་ཅང་། ངོས་རང་ས་ཁུལ་མང་པོ་ཞིག་ལ་སླེབས་པ་རེད། ཚང་མས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ངོས་ཀྱི་མིང་ནས་སྨྲོས་ཏེ་དད་པ་དང་ཞེན་ཁོག་ལྷད་པ་མེད་པར་ཤུགས་ཆེན་པོ་རེད། དེར་བརྟེན། ངོས་རང་ལ་མཚོན་ནའང་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་གནས་འདི་ལྟ་བུ་ཞིག་བླངས་ནས་འཚར་ལོངས་བྱེད་ས་བོད་རང་དུ་འདོད་པ་ཁེངས་པ་ཞིག་བྱེད་རྒྱུ་མ་བྱུང་། ཡིན་ནའང་། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་འཛིན་མཁན་གྱི་སེར་སྐྱ་ཕོ་མོ་རྒན་གཞོན་མེད་པར་ཚང་མས་༸རྒྱལ་བ་རིན་པོ་ཆེ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་བློས་འགེལ་གྱིས་བསྟན་པ་རྒྱས་པའི་སྨོན་ལམ་རྒྱག་པ་དང་། འདིར་ཡོད་པ་ལྟར་ཚང་མར་དེ་ལྟར་བྱས་པ་རེད།

བོད་ཀྱི་ས་མཚམས་ཧི་མ་ལ་ཡའི་རི་རྒྱུད་དུ་དད་པ་དང་མོས་པ་རྩེ་གཅིག་ཏུ་མཐོང་ཆོས་སུ་ཡོད་པ་དེ་ཙམ་དུ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་ཀྱི་ཐོག་ནས་སེམས་ལ་ཡིད་བདེ་སྒྲུབ་པ་དང་། དད་མོས་སྒྲུབ་བཞིན་ཡོད། དེར་བརྟེན། ཚན་རིག་པ་རྣམ་དཔྱོད་ལྡན་པ་མང་པོ་ཞིག་གིས་ངོས་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་༸རྒྱལ་བ་རིན་པོ་ཆེ་ལ་དགའ་ཞེན་རྩེ་གཅིག་ཏུ་བྱེད་ཀྱི་འདུག འདི་ནི་དཔེ་གསར་ལྟ་བུ་ཞིག་རེད། ང་ཚོ་བོད་ཀྱི་བླ་མ་བཞུགས་ཁྲི་མཐོན་པོར་བཞུགས་མཁན་ཚོར་སྐྱབས་སུ་མཆི་ཟེར་ནས་དད་མོས་བྱེད་སྲོལ་ཞིག་ཡོད་པ་རེད། ཡིན་ནའང་། ཚན་རིག་གི་བསམ་བློ་ཡོད་མཁན་ཚོས་ངོས་ལ་དགའ་ཞེན་བྱེད་པ་ནི་རྒྱུ་མཚན་མཐོང་བའི་སྒོ་ནས་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་རྩལ་ལ་བསྟེན་ནས་དགའ་མོས་བྱེད་བཞིན་ཡོད། ང་ཚོའི་བླ་མ་རེད་ཟེར་བ་ལྟ་བུ་དང་། བླ་མ་གོང་མའི་གསུང་རེད་ཟེར་བ་ལྟ་བུ་དེ་ཙམ་མ་ཡིན་པར་ངོས་ཀྱིས་ལྷག་བསམ་རྣམ་དག་གིས་སྤྱི་བའི་བསྟན་འགྲོའི་དོན་དུ་འབད་བརྩོན་ལྷོད་མེད་བྱས་པ་ལ་ཡིད་ཆེས་སྐྱེས་པའི་ཐོག་ནས་དགའ་ཞེན་བྱེད་མཁན་མང་པོ་ཡོང་གི་འདུག

དེ་རིང་གནས་ཁྱད་པར་ཅན་འདིར་ཁྱོད་ཚོ་དད་མོས་ཅན་གྱི་ཟངས་དཀར་གྱི་སྐྱ་སེར་ཕོ་མོ་མང་པོ་ཞིག་འདུས་ནས་སྙིང་ཁོང་རུས་པའི་གཏིང་ནས་༸རྒྱལ་བ་རིན་པོ་ཆེ་ཚེ་རིང་དུ་གནས་པར་མོས་པ་རྩེ་གཅིག་ཏུ་བསྐྱེད་པ་རེད། ངོས་རང་ལོ་མང་པོའི་རིང་འདིར་འབྲེལ་བ་ཡོད་པ་རེད། གང་ལྟར་༸རྒྱལ་དབང་གི་མིང་ཐོགས་ཡོད་པ་རེད་ལ། ཆུང་ཆུང་སྐབས་ནས་ཚད་མ་རིག་པ་བསླབ་པ་དང་། དེ་ནས་རིམ་བཞིན་དབུ་ཕར་གྱི་གཞུང་ལ་བལྟས། མཐར་ཐུག་ལྷ་ལྡན་སྨོན་ཆེན་མོའི་དཀྱིལ་འཁོར་དུ་དམ་བཅའ་བཞག་པ་ཡིན། དངོས་གནས་བསྟན་པའི་ཞབས་འདེགས་གང་ཕན་ཅི་ཕན་སྒྲུབ་ཡོད། ཅེས་སོགས་རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་མཇལ་འཕྲད་གནང་བའི་སྐབས་སུ་མའོ་ཡིས་ཆོས་དུག་རེད་ཅེས་བཤད་པའི་སྐོར་བཀའ་སློབ་སྩལ་བ་དང་།

གཞན་ཡང་། སྤྱིར་ཆོས་དང་ཆོས་དད་ཚང་མ་ཧ་ཅང་ཡག་པོ་རེད། ཡང་སྒོས་ལྷག་པར་ཅན་དུ་ང་ཚོའི་ནང་པ་སངས་རྒྱས་པའི་ཆོས་དང་། དེ་ཡང་མདོ་སྔགས་ཟུང་སྦྲེལ་གྱི་ཆོས་འདི་ནི་ཚན་རིག་དང་ཡང་མཐུན་པར་དེང་སང་ཚན་རིག་པ་མང་པོ་ངོས་ཀྱི་སར་ཡོང་ནས་སེམས་ཁམས་རིག་པའི་སྐོར་ལ་སྐད་ཆ་འདྲི་མཁན་འདུག ང་ཚོའི་བོད་ལ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་པ་ནི་རྒྱུ་མཚན་ལྡན་པ་ཞིག་དང་། བསམ་བློ་བཏང་ན་གཏོང་རྒྱུ་ཡོད་པ་ཞིག་ལས་རྒྱ་མིས་བཤད་སྟངས་ལྟར་རྨོངས་དད་མ་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་དད་མོས་བྱེད་པ་ཞིག་རེད། དཔེར་ན། ངོས་རང་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་དགེ་བའི་བཤེས་གཉེན་གྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སེམས་ལ་དྲན་ནས་ཡོང་དུས་དངོས་གནས་སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སུ་མཆི་བའི་བསམ་བློ་སླེབས་ཡོང་གི་འདུག དེ་ཚོའི་གྲས་ནི་ང་ཚོའི་གཞུང་ནས་བཤད་པའི་རྒྱུ་མཚན་དང་ལྡན་པ་དང་། རིག་པ་དང་ལྡན་པའི་ཐོག་ནས་སོ་སོའི་བླ་མ་ལ་དད་པ་བྱེད་པ་རེད།

དེ་རིང་འདིར་མཚོན་ནའང་དད་འདུས་ཀྱི་སྐྱེ་བོ་མང་པོ་ཞིག་འཛོམས་པ་རེད། ཁྱོད་ཚོ་ཚང་མ་ལྷག་བསམ་རྩེ་གཅིག་གིས་ངོས་ལ་དད་མོས་རྩེ་གཅིག་སྐྱེས་པ་དེ་ལྟར་རེད། ངོས་ལ་མཚོན་ན་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་པར་ལྷའི་ལུང་བསྟན་དང་། ངོས་ཀྱི་རྨི་ལམ་གྱི་མཚན་མ་བཅས་ཀྱི་ཐོག་ཏུ་ཧ་ཅང་གསལ་པོ་འདུག དེར་བརྟེན། ངོས་ཀྱིས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། བོད་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་འཚེ་བ་མེད་པར་ཞི་བའི་ལམ་སྤུས་དག་པོ་ཞིག་ཡོང་བར་རྩེ་གཅིག་ཏུ་སྨོན་ལམ་བརྒྱབ་ནས་འབད་བརྩོན་བྱེད་བཞིན་ཡོད། དེ་ལྟར་ད་ལྟའི་བར་དུ་ཕྱིན་པ་རེད། གང་ལྟར་ཡུལ་ལྷ་གཞི་བདག་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་བཞིན་འདུག

འཇིག་རྟེན་བཀོད་པ་པོ་ཁས་བླངས་ཀྱང་མ་བླངས་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། དེ་ལྟ་བུའི་ཐོག་ནས་ཚང་མས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ངོས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སྐབས་སུ་བབ་པ་དེ་རིང་གནས་འདིར་མང་པོ་ཞིག་འཛོམས་པ་རེད། ཚང་མས་སྙིང་ཁོང་རུས་པའི་སྟེང་ནས་སྨོན་ལམ་ཡག་པོ་རྒྱོབ། སྐབས་སུ་བབ་པ་དགེ་སློང་བསྟན་འཛིན་རྒྱ་མཚོ་མུ་མཐུད་ནས་ལོ་སུམ་ཅུ་བཞི་བཅུ་རིང་བསྡད་དེ། ངོས་རང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་ཀྱི་རེད། ངོས་ཀྱིས་ད་ལྟའི་བར་དུ་བསྟན་པའི་ཞབས་འདེགས་དགའ་རབ་རླབས་ཆེན་པོ་སྒྲུབ་ཡོད། ཚན་རིག་པ་དང་མཉམ་དུ་གྲོགས་པོ་སྒྲིག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་དེ་བླ་མ་གོང་མ་དེ་འདྲ་མི་བསམ་མཁན་དང་བསྟུན་ན། ངོས་ཀྱིས་ཚན་རིག་དང་མཐུན་པའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཡོན་ཏན་ནམ་ཁྱད་ཆོས་ཟེར་རམ། གང་ལྟར་ཚན་རིག་གི་རྣམ་དཔྱོད་དང་མཐུན་པའི་ཐོག་ནས་ནང་ཆོས་ཀྱི་འགྲེལ་བཤད་རྒྱག་གི་ཡོད། ཚན་རིག་པ་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་བཞིན་འདུག

སྟོན་པ་བཅོམ་ལྡན་འདས་དངོས་གནས་གཞན་དང་མི་འདྲ་བའི་བཀའ་དྲིན་ཆེན་པོ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པ་ནས་མར་བརྒྱུད་པ་དང་། བོད་གངས་ཅན་གྱི་ལྗོངས་སུ་ཡིན་ནའང་མཁས་པའི་གཙུག་རྒྱན་འགྲན་ཟླ་བྲལ་བ་མང་པོ་ཞིག་གིས་བསྟན་པའི་རྒྱུན་བཟུང་བ་ཞིག་རེད། ང་ཚོའི་མི་རབས་འདིའི་བར་དུ་སངས་རྒྱས་ཀྱི་བསྟན་པ་འདི་གཞན་དང་མ་འདྲ་བར་ང་ཚོ་བོད་པས་བདག་པོ་བརྒྱབ་པ་རེད། ད་དུང་ཡིན་ནའང་འདི་ལྟ་བུའི་ཡོངས་སུ་རྫོགས་པའི་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་བྱས་ཏེ་མུ་མཐུད་དུ་གནས་ཏེ་འཛམ་གླིང་འདིར་སྐྱེ་འགྲོ་མང་པོར་ཕན་ཐོགས་ཡོང་ཐུབ་པ་ཞིག་ལ་ཚང་མས་ཐུགས་སྨོན་གནང་རོགས་གནང་། ངོས་ཀྱིས་ཀྱང་སྨོན་ལམ་རྒྱག་གི་ཡིན། ཞེས་བཀའ་སློབ་སྩལ་རྗེས་བརྟན་བཞུགས་དང་གོ་སྟོན་གྱི་མཛད་སྒོ་ལེགས་པར་གྲུབ་སྟེ་གྲུ་འཛིན་ཕོ་བྲང་དུ་ཆིབས་བསྒྱུར་གྱིས་ཉིན་གུང་ལྗགས་སྨིན་གནང་རྗེས་དཀར་ཤ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • August
      • July
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
  • མཛད་རྣམ་དང་གསུང་འཕྲིན།
    • གལ་ཆེའི་གསུང་འཕྲིན།
      • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
      • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
      • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
    • བོད་རིགས་ལ་གསུང་འཕྲིན།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
    • རྒྱ་རིགས་ལ་གསུང་འཕྲིན།
      • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
      • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
    • གསུང་འཕྲིན་གཞན།
      • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
      • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
      • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
      • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
    • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
    • མཛད་རྣམ་ཕྱོགས་བསྡུས།
      • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
      • མཛད་རྣམ་སྙིང་བསྡུས།
    • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
      • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
      • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
    • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
      • གླེང་གཞི།
      • ལེའུ་དང་པོ། སོ་ནམ་པའི་བུ།
      • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
      • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
      • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
      • ལེའུ་ལྔ་པ། བཙན་འཛུལ།
      • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
      • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
      • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
      • ལེའུ་དགུ་པ། ཟིང་འཁྲུག
      • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
      • ལེའུ་བཅུ་གཅིག་པ། བཙན་བྱོལ།
      • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
      • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
      • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
      • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
    • གཟེངས་རྟགས་རེའུ་མིག
    • དུས་འཁོར་དབང་ཆེན།
    • གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
    • ཆིབས་བསྒྱུར་ཐོ་གཞུང་།
      • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
  • ཡིག་ཚང་།
    • མང་ཚོགས་ལ་མཇལ་ཁ།
    • ཟུར་མཇལ།
    • གསར་འགོད་པའི་བཅར་འདྲི།
    • གདན་ཞུ།
    • འབྲེལ་བ་ཞུ་ཡུལ།
    • བླ་བྲང་དགའ་ལྡན་ཕོ་བྲང་།
    • ལེགས་བཅོས་སྤྱི་ཚོགས།
    • མང་གཙོ།
  • གསུང་རྩོམ།
  • ཐད་ཀར་རྒྱང་བསྲིང་།