༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • ལེགས་བཅོས་སྤྱི་ཚོགས།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

ལ་དྭགས་ཞི་བའི་ཚལ་དུ་༸སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ། ༢༠༢༦ ཟླ་བ་ ༧ ཚེས་ ༦

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ལ་དྭགས་ནང་པ་ཚོགས་འདུ་དང་ལ་དྭགས་དགོན་པ་ཡོངས་ཀྱི་ཚོགས་པ། དབུས་བོད་མིའི་སྒྲིག་འཛུགས་བཅས་ཀྱིས་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་སྐུའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་ཞུས་པར་མགོན་པ་གང་ཉིད་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།

དེ་ཡང་བོད་ཟླ་ ༥ ཚེས་ ༢༡ གཟའ་སྐར་དགེ་འཛོམས་ཉིན་གྱི་ཐོག་མར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་ཐོག་མར་ལ་དྭགས་ཤེལ་གྱི་ཕོ་བྲང་དགེ་འཕེལ་གླིང་ནས་རྣམ་རྒྱལ་གྲྭ་ཚང་གི་གསུང་ཞབས་རྣམས་ནས་དཔལ་རྡོ་རྗེ་འཛིགས་བྱེད་ཀྱི་བདག་བསྐྱེད་དང་། གསེར་བཞུར་མ། དཔལ་ལྡན་ལྷ་མོ་དང་བརྟན་མའི་གསུང་ཆོག་བསྟོད་པ་སོགས་གསུངས་འདོན་གནང་ཞིང་། ཆུ་ཚོད་ ༧ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དགེ་འཕེལ་གླིང་གི་གཟིམ་ཆུང་ནས་ཚོམས་ཆེན་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་འཁྲུངས་རབ་གསོལ་བཅས་གསུང་མུར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། ཡབ་གཞིས་སྐུ་འཁོར་རྣམ་པ་དང་། ཡིག་ཚང་དྲུང་ཆེ་བཅས་ནས་མཇལ་ཁ་ཞུས། བརྟན་མའི་སྐུ་རྟེན་མཁའ་འགྲོ་ལགས་དང་ཆོག་གྲྭ་རྣམས་ནས་ཚེ་རྫས་ཕུལ་ཏེ། འཁྲུངས་ལྷ་འཁྲུངས་གསོལ་གྱི་ཞལ་འདོན་རྣམས་རིམ་པར་གསུང་པ་དང་། གཏང་རག་མཆོད་བསྟོད་སོགས་གསུང་འདོན་གྱིས་ཕོ་བྲང་ནང་འཁྲུངས་ལྷ་དབྱར་གསོལ་གྱི་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད།

ཆུ་ཚོད་ ༨།༤༠ ཙམ་ལ་ལ་དྭགས་ནང་པ་ཚོགས་འདུའི་དབུ་སྐྱོང་དང་ལ་དྭགས་དགོན་པ་ཡོངས་ཀྱི་ཚོགས་གཙོ། ལ་དྭགས་བསོད་གླིང་བོད་མིའི་ས་གནས་འགོ་འཛིན་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གདན་ཞུ་དང་བཅས་ཞི་བའི་ཚལ་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ལྡིངས་ཆའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལ་དྭགས་ཡུལ་གྱི་གནད་ཡོད་མི་སྣ་སོགས་ཀྱིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་༸འཁོད་མཚམས་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཚེ་རིང་རྡོ་རྗེ་ལགས་དང་། དགོན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བཀྲ་ཤིས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཁྲི་རྩེ་རིན་པོ་ཆེ་མཆོག་དང་ཐུགས་སྲས་རིན་པོ་ཆེ་མཆོག་གིས་མཇལ་ཁ་ཞུས།

ནང་ཚོགས་དབུ་སྐྱོང་གིས་ཕེབས་བསུའི་གསུང་བཤད་དང་༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་འགྲེམས་སྟོན་ཁང་གིས་ཞི་བདེའི་སྐྱེས་མཆོག་(Man of Peace)ཅེས་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བསྟན་འགྲོར་སྨན་པའི་མཛད་པ་རྣམ་ཐར་དང་ཕྱི་རབས་པའི་དོན་དུ་མཛད་འཕྲིན་བསྐྱངས་པར་གཞི་བཅོལ་བའི་འགུལ་བརྙན་དྲ་ཐོག་ནས་དབུ་འབྱེད་གནང་ཞིང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་དང་འབྲེལ་འདས་པའི་ལོ་གཅིག་གི་རིང་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད། ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་ས་གནས་ཁག་ཏུ་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་དང་མཛད་ཁུར་རྣམ་བཞིའི་སྐོར་གྱི་པར་རིས་འགྲེམས་སྟོན་དང་། རྣམ་པ་ཅི་རིགས་ཀྱི་ཚོགས་འདུ། མཁས་པའི་བགྲོ་གླེང་། གོ་རྟོགས་ལས་འགུལ་གོ་སྒྲིག། ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་སོགས་དཔེ་དེབ་འགྲེམས་སྤྲོད་དང་། ཡུལ་ལུང་ཁག་ཅིག་གི་སྐད་ཡིག་ཏུ་རྩོམ་སྒྱུར་པར་སྐྲུན། ཞི་བདེའི་སྐྱེས་བུ་དང་བདེ་སྐྱིད་ཀྱི་ཤེས་རབ་སོགས་དངོས་བྱུང་གློག་བརྙན་དང་། མཛད་འཕྲིན་སྐོར་གྱི་གློག་བརྙན་གཟིགས་འབུལ་ཕྱོགས་སྣ་མང་པོ་ནས་གོ་སྟོན་དང་འབྲེལ་བྱམས་བརྩེའི་ལོ་སྲུང་བརྩི་ཞུས་པའི་སྐོར་གསུང་བཤད་དང་། རྒྱ་ནག་གཞུང་གིས་ཟླ་ ༧ ཚེས་ ༡ ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་ལག་བསྟར་བྱས་པ་དེས་མི་རིགས་རྩ་གཏོར་གྱི་བྱེད་སྒོ་རྣམས་མངོན་སུམ་གྱི་དམིགས་འབེན་དུ་བཞག་ཡོད། ཅེས་སོགས་བཀའ་ཤག་གི་གསུང་བཤད་གནང་བ་དང་། དེ་རྗེས་རྡོ་རྗེ་སྟག་མོ་རོལ་ཚོགས་ཞེས་ལ་དྭགས་ཡུལ་མིའི་རོལ་ཚོགས་ཤིག་ནས་༸གོང་ས་མཆོག་ལ་བསྟོད་གཞས་གཟིགས་འབུལ་ཞུས་མཚམས་གསོལ་འདེབས་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་དངོས་གནས་དྲང་ནས་དམ་ཚིག་དང་། དད་པ་གཡེལ་བ་མེད་པའི་མི་རིགས་ཁག་མང་པོ་ཞིག་ས་གནས་འདིར་འདུས་ནས་ངོས་རང་ཚེ་རིང་པོ་ཡོང་བའི་སྨོན་ལམ་བརྒྱག་པ་སོགས་བྱས་པ་རེད། ངོས་རང་ལ་མཚོན་ན། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་ཐུགས་སྨོན་ཇི་ལྟར་གནང་བ་ནང་བཞིན་ཡིན། འཛམ་གླིང་འདིར་ཆོས་དད་མེད་ན་དགེ་མཚན་ག་རེ་འདུག ངོས་རང་སྔ་མོ་རྒྱ་ནག་ཏུ་མའོ་ཙེ་ཏུང་ལ་ཐུག་པའི་སྐབས་ཁོས་ཆོས་ཟེར་བ་དེ་དུག་རེད་ཅེས་བཤད་མྱོང་། གང་ལྟར་དངོས་ཡོད་གནས་ཚུལ་ལ་ཆོས་ནི་ལྷ་གསོལ་བའི་སྐད་ཆ་གཅིག་པུ་མ་ཡིན་པར་སེམས་རྒྱུད་ལ་བརྟག་དཔྱད་ཀྱིས་འདུལ་ཐབས་བྱེད་པ་ནི་བློ་ཆོས་སུ་འགྲོ་བའི་ཆེད་དང་། ཆོས་ལ་དད་པ་བྱེད་པའི་དགོས་དོན་སྙིང་པོ་ནི་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དགོས་པ་དེ་རེད།

ངོས་རང་ལ་ཆ་གཞག་ན་ཞོགས་པ་ཡར་ལངས་པ་དང་ཕན་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ཛམ་བུ་གླིང་ལ་ཞི་བདེ་ཡོང་བ་དང་། རྒྱ་ནག་ལ་མཚོན་ན་ནང་པའི་ཆོས་ཤུགས་ཆེན་པོ་ཡོད་པ་དར་རྒྱས་ཡག་པོ་ཞིག་འགྲོ་ཐུབ་པར་འབད་བཞིན་ཡོད། ངོས་རང་སྔ་མོ་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་ཏུང་པེ་ཁུལ་སོགས་སུ་སླེབས་སྐབས་ཆོས་ལ་དད་པའི་ཤུགས་གང་ས་གང་དུ་འདུག དེ་བཞིན་ང་ཚོ་བོད་ཆོལ་ཁ་གསུམ་གྱི་མི་མང་ཚང་མ་ཆོས་ལ་ཧ་ཅང་དད་པ་ཤུགས་ཆེན་པོ་རེད། དེར་བརྟེན། ང་ཚོ་ཚང་མ་སོ་སོའི་ཕ་མེས་ནས་རིག་གཞུང་དང་ཁྱད་མེད་ཀྱི་སེམས་རྒྱུད་ཞི་ཞིང་དུལ་བ་དང་། གཞན་ལ་ཕན་པ་སྒྲུབ་པ་ཞིག་གོམས་གཤིས་ལ་ཡོད།

ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ནས་རྒྱ་གར་བྱང་རྒྱུད་དུ་རུབ་རུབ་བྱས་ཏེ་བསྡད་ཡོད། རྒྱ་གར་ཡུལ་མི་ཙམ་དུ་མ་ཟད་ང་ཚོར་དགའ་མོས་བྱེད་མཁན་གྱི་མི་མང་པོ་དེ་རིང་འདིར་འཛོམས་ཡོད། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཞེས་སོགས་ཕན་པའི་བསམ་པ་ཞི་ཞིང་དུལ་བའི་བློ་དེ་ལྟ་བུས་འཛམ་གླིང་ལ་ཞི་བདེ་ཡོང་བའི་སྨོན་ལམ་བརྒྱབ་པ་བཞིན་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་ཉམས་ལེན་དང་། དེའི་ཟིན་པའི་ཐོག་ནས་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་རྒྱ་ཆེར་ཡོང་ཐུབ་པར་ཞོགས་པ་ཡར་ལངས་པ་དང་སྨོན་ལམ་རྒྱག་བཞིན་ཡོད། སྨོན་ལམ་དེ་ཡང་གང་འཚམ་འགྲུབ་པ་ལྟ་བུར་མཐོང་གི་འདུག དེང་སང་རྒྱ་ནག་ལ་མཚོན་ནའང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འདུག དེ་བཞིན་འཛམ་གླིང་གི་ས་ཁུལ་མང་པོར་སངས་རྒྱས་པའི་ཆོས་ཀྱི་ནང་བྱམས་བརྩེ་ཞེས་གསུངས་པ་ལ་དོ་སྣང་ཡོད་པ་ཞིག་རེད། ཆོས་མེད་མཁན་གྱི་ལུང་པ་དང་། ཁ་ཆེའི་ལུང་པ། ཧིན་དྷིའི་ལུང་པ་སོགས་ཀྱིས་མཚོན་པའི་གང་ས་གང་དུ་ཕན་སེམས་ཀྱི་བློ་ལ་ཚང་མས་དགའ་མོས་བྱེད་བཞིན་ཡོད་པ་རེད།

དེ་རིང་སྐབས་སུ་བབ་པ་ངོས་རང་ལོ་ ༩༡ སླེབས་པ་རེད། མི་ཚེ་ལ་ཕྱིར་བལྟས་སློག་སྐབས་གཞན་ཕན་གྱི་བློ་དེ་རྩ་ཆེན་པོ་བྱས་ཏེ་ཞོགས་པ་གཉིད་སད་པ་དང་། བསྟན་པ་རིན་ཆེན་མཆོག་གི་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། ཅེས་སྨོན་རྒྱག་བཞིན་ཡོད་ལ། ད་ལྟའི་བར་དུ་ངོས་རང་ས་ཆ་གང་དུ་སླེབས་པ་ཡིན་ནའང་དགའ་མོས་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་བསམ་པ་བཟང་པོ་བྱས་པ་དེ་ཆགས་ཀྱི་འདུག རྨི་ལམ་ལ་བལྟས་པ་ཡིན་ན་ངོས་རང་ཕལ་ཆེར་ལོ་ ༡༣༠ ཙམ་སྡོད་པའི་མཚན་མ་ཞིག་འདུག ངོས་རང་དང་ཐད་ཀར་འབྲེལ་བ་ཡོད་པ་རྒྱ་ནག་ཏུ་སངས་རྒྱས་པའི་ཆོས་ཡག་པོ་དར་ཐུབ་པ་དང་། དེ་དང་དེས་མཚོན་པའི་ཡུལ་གྲུ་མང་པོར་ཕན་པའི་བསམ་པའི་ཀུན་སློང་བཟང་པོའི་མི་ཚེ་སྐྱེལ་རྒྱུའི་མིག་ལྟོས་བཟང་པོ་ཞིག་ཡོང་ཐུབ་པའི་སྨོན་ལམ་རྒྱག་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་སྩལ་བ་དང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་ཞིང་། ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་ཀྱི་སློབ་ཕྲུག་གིས་གཞས་སྣ་གཟིགས་འབུལ་ཞིས་ཤིང་། ལ་དྭགས་དབུས་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ལ་དྭགས་ཁ་ཆེའི་མཐུན་ཚོགས་ཀྱི་སྐུ་ཚབ་བཅས་ནས་མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་ལ་འཚམ་འདྲིའི་གསུང་བཤད་གནང་རྗེས། སོ་ཕྲེང་ཅན་གྱི་གཏམ་རྒྱུད་ཟློས་གར་དང་ཞབས་གཞས་གཞན་ཁག་ཅིག་གཟིགས་འབུལ་ཞུས་ཤིང་། མཐར་ལ་དྭགས་དགོན་པ་ཡོངས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡེ་ཤེས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་རྗེས་༸སྐུའི་འཁྲུངས་སྐར་མཛད་སྒོ་ལེགས་པར་གྲུབ་ནས་ཕོ་བྲང་དགེ་འཕེལ་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༦

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2026 ཡིག་མཛོད།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2026 ཡིག་མཛོད།
      • July
      • June
      • May
      • April
      • March
      • February
      • January
    • 2025 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༢༥ ཟླ་ ༥ ཚེས་ ༢༡ ཉིན་སྩལ་བའི་༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • ༡༩༩༧ ཕྱི་ཟླ་ ༧ ཚེས་ ༢༩ ཉིན་སྩལ་བའི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་གྱི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
  • མཛད་རྣམ་དང་གསུང་འཕྲིན།
    • གལ་ཆེའི་གསུང་འཕྲིན།
      • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
      • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
      • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
      • སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་སྩལ་བའི་གསུང་འཕྲིན།
    • བོད་རིགས་ལ་གསུང་འཕྲིན།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
      • ༢༠༢༦ ལོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཆེད་སྩལ་བའི་ལམ་སྟོན་བཀའ་ཡིག
    • རྒྱ་རིགས་ལ་གསུང་འཕྲིན།
      • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
      • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
    • གསུང་འཕྲིན་གཞན།
      • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
      • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
      • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
      • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
    • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
    • མཛད་རྣམ་ཕྱོགས་བསྡུས།
      • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
      • མཛད་རྣམ་སྙིང་བསྡུས།
    • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
      • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
      • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
    • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
      • གླེང་གཞི།
      • ལེའུ་དང་པོ། སོ་ནམ་པའི་བུ།
      • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
      • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
      • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
      • ལེའུ་ལྔ་པ། བཙན་འཛུལ།
      • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
      • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
      • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
      • ལེའུ་དགུ་པ། ཟིང་འཁྲུག
      • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
      • ལེའུ་བཅུ་གཅིག་པ། བཙན་བྱོལ།
      • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
      • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
      • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
      • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
    • གཟེངས་རྟགས་རེའུ་མིག
    • དུས་འཁོར་དབང་ཆེན།
    • གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
    • ཆིབས་བསྒྱུར་ཐོ་གཞུང་།
      • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
  • ཡིག་ཚང་།
    • མང་ཚོགས་ལ་མཇལ་ཁ།
    • ཟུར་མཇལ།
    • གསར་འགོད་པའི་བཅར་འདྲི།
    • གདན་ཞུ།
    • འབྲེལ་བ་ཞུ་ཡུལ།
    • ལེགས་བཅོས་སྤྱི་ཚོགས།
  • གསུང་རྩོམ།
  • ཐད་ཀར་རྒྱང་བསྲིང་།