༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
  • དགོངས་གཞི།
  • མཛད་འཆར།
  • སྐུ་པར།
  • བརྙན་འཕྲིན།
བོད་ཡིག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག
  • འཕྲུལ་སྒྲ
  • ངོ་དེབ།
  • Instagram
  • Youtube
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
བཀའ་སློབ།
  • ཁོར་ཡུག
  • ཤེས་ཡོན།
  • རིག་གཞུང་།
  • ནང་ཆོས།
  • ཚན་རིག
  • བོད་དོན།
  • དོལ་རྒྱལ།
མཛད་རྣམ་དང་གསུང་འཕྲིན།
  • གལ་ཆེའི་གསུང་འཕྲིན།
  • བོད་རིགས་ལ་གསུང་འཕྲིན།
  • རྒྱ་རིགས་ལ་གསུང་འཕྲིན།
  • གསུང་འཕྲིན་གཞན།
  • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
  • མཛད་རྣམ་ཕྱོགས་བསྡུས།
  • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
  • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
  • གཟེངས་རྟགས་རེའུ་མིག
  • དུས་འཁོར་དབང་ཆེན།
  • གལ་ཆེའི་མི་སྣ་མཇལ་འཕྲད།
  • ཆིབས་བསྒྱུར་ཐོ་གཞུང་།
ཡིག་ཚང་།
  • མང་ཚོགས་ལ་མཇལ་ཁ།
  • ཟུར་མཇལ།
  • གསར་འགོད་པའི་བཅར་འདྲི།
  • གདན་ཞུ།
  • འབྲེལ་བ་ཞུ་ཡུལ།
  • བླ་བྲང་དགའ་ལྡན་ཕོ་བྲང་།
  • ལེགས་བཅོས་སྤྱི་ཚོགས།
  • མང་གཙོ།
གསུང་རྩོམ།
  • བླ་མཆོད་ཁྲིད་ཡིག་ཆེན་མོ།
  • གསང་འདུས་བཀའ་ཁྲིད།
  • འཇིགས་བྱེད་དབང་ཆེན།
  • རིམ་ལྔའི་བཀའ་ཁྲིད།
  • དབུ་མ་འཇུག་པའི་བཀའ་ཁྲིད།
  • དགོངས་པ་རབ་གསལ།
གསུང་རྩོམ་ཡོངས་ལ་གཟིགས།
  • འཕྲིན་གསར།

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་སོགས་ཚོགས་སྡེ་ཁག་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ༢༠༢༥ ཟླ་བ་ ༩ ཚེས་ ༡༠

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་དང་། ལྷོ་ཁ་རིག་གཞུང་དང་སྤྱི་ཚོགས་བདེ་དོན་ཚོགས་པ། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་བཅས་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་རྣམ་གྲྭས་སྤྱན་རྒྱ་སྤོས་འཛིན་དང་སྦྱིིན་བདག་ཁག་གསུམ་གྱི་སྐུ་ཚབ་དྲུག་ནས་སྤོས་སྣེས་དང་། གོང་དཀར་རྔ་འཆམ་ཆེན་མོ་འཁྲབ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། མགོན་པོ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་ལྷོ་བྲག་མཁར་ཆུ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་དང་འབྲེལ་ཚོགས་མང་ནས་རྒྱུན་ཆགས་གསུམ་པ་སོགས་ཞལ་འདོན་དབུ་འཛུགས་ཀྱིས་བརྟན་བཞུགས་ཀྱི་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ། ཚེ་འགུགས་དང་རྡོར་སློབ་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ་ཞིང་། ཚོགས་རོལ་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་བསྐྱངས་ཤིང་། བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཀྱིས་གཙོས་རྒྱལ་སྤྱིའི་ན་གཞོན་རྣམས་ཀྱིས་དགུ་དབྱངས་ཞེས་པའི་བརྟན་བཞུགས་འབུལ་གཞས་གཟིགས་འབུལ་ཞུས་པ་དང་། མཐར་འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་གིས་བཀའ་དྲིན་གཏང་རག་གི་མཎྜལ་ཚོམ་བུ་འདེགས་འབུལ་དང་རྟེན་གསུམ་ཕུལ་ཡོད།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ལྷག་བསམ་དང་དད་འདུན་རྩེ་གཅིག་ཏུ་བྱས་ནས་འཛོམས་པ་རེད། ངོས་རང་ལ་ཆུང་ཆུང་སྐབས་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཡིད་ཆེས་དང་དགའ་མོས་བྱེད་མཁན་ཧ་ཅང་ཤུགས་ཆེན་པོ་རེད། གཙོ་བོ་སྐྱབས་རྗེ་སྟག་བྲག་རིན་པོ་ཆེ་དང་གླིང་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ་བཅས་ཀྱི་སྐུ་མདུན་ནས་དཔེ་ཆ་ཁྲིད་པ་དང་། མཚན་ཞབས་ཚོའི་མཉམ་དུ་རྩོད་པ་སྦྱོང་བ་ལ་དགའ་བཞིན་སྤྲོ་བཞིན་དུ་སློབ་སྦྱོང་བྱས་པ་རེད། ང་ཚོ་ནོར་གླིང་ནས་ཐོན་ཁར་མགོན་པོ་ཕྱག་དྲུག་པར་གསོལ་བ་བཏབ་པ་ཡིན། མགོན་པོ་ཕྱག་དྲུག་པ་དང་ངོས་ཀྱི་དབར་ལ་གསོན་བྲལ་ལྟ་བུ་བྱུང་ཡང་། མགོན་པོ་ཕྱག་དྲུག་པའི་སྣང་བ་ནམ་ཡང་མི་བརྗེད་པར་སྡོད་ཀྱི་འདུག 

ང་ཚོ་བཙན་བྱོལ་བ་ཆགས་ནས་རྒྱ་གར་དང་ཕྱི་རྒྱལ་གྱི་ས་ཁུལ་མང་པོར་སླེབས་པ་དང་།  དེ་རིང་རྒྱ་གར་བྱང་རྒྱུད་ཀྱི་ས་ཆ་འདིར་བརྟན་བཞུགས་གསོལ་འདེབས་བྱུང་བ་རེད། ཁྱོད་ཚོ་ཚང་མ་ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་བ་དང་། ངོས་རང་ལ་མཚོན་ན་ཕ་ཡུལ་མདོ་སྨད་དུ་སྐྱེས་ཤིང་། ལྷ་སར་འབྱོར་ནས་རྩེ་ཕོ་བྲང་དང་ནོར་གླིང་དུ་བསྡད་པ་དང་། ༸རྒྱལ་དབང་གི་མིང་འཁྱེར་ནས་ཆོས་སྲིད་ཀྱི་མཛད་སྒོ་མང་པོ་ཞིག་བྱས་ཡོད། དེ་དག་ཚང་མ་བསྟན་པའི་ཞབས་འདེགས་སྒྲུབ་པ་ཞིག་ཆགས་ཡོད། ལྷ་སར་སླེབས་ཏེ་ཕར་ཕྱིན་དང་དབུ་མ་ལ་དགའ་རབ་བལྟས་ཡོད། མངོན་པ་མཛོད་ལ་དེ་ཙམ་དོ་སྣང་བྱས་མེད། རི་རབ་གླིང་བཞི་གླིང་ཕྲན་ཟེར་བ་ལ་དེ་ཙམ་ཡིད་ཆེས་ཀྱི་མེད། དབུ་མ་དང་ཕར་ཕྱིན། ཚད་མ་བཅས་ཀྱི་གཞུང་ལ་བྲོ་བ་ཁ་རྒྱུ་ཡོད་པ་བྱས་ཏེ་དཔེ་ཆར་བལྟས་པ་ཡིན།

བར་སྐབས་སྐྱིད་སྡུག་ལེགས་ཉེས་སྣ་ཚོགས་བྱུང་ཡོད་ཀྱང་། ངོས་ཀྱི་ཚེ་སྲོག་ལ་འགྱུར་བ་བྱུང་མེད་ལ་སེམས་ཤུགས་ལའང་འགྱུར་བ་ཁྱོན་ནས་མེད། གང་ལྟར་རྒྱ་མིའི་ངོས་ནས་ག་རེ་བཤད་ཀྱང་བོད་བསྟན་སྲིད་ཀྱི་ཞབས་འདེགས་ངོས་ལ་ལས་སུ་བསྐོས་པ་ཞིག་རེད། དེང་སང་རྒྱ་ནག་ཏུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་དང་། ངོས་ལ་དགའ་མོས་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག  ངོས་ཀྱིས་བསྟན་པ་དང་བསྟན་པ་འཛིན་མཁན་ཚང་མར་ཕན་ཐོགས་ཡོང་བར་བསམ་བློ་གུ་ཡངས་པོ་དང་། རྒྱ་ཆེན་པོ་བྱས་པ་ཡིན།

དེ་རིང་འདིར་ངོས་ལ་བརྟན་བཞུགས་ཀྱི་མཛད་སྒོ་གྲ་སྒྲིག་བྱེད་མཁན་གཙོ་བོ་ནི། རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་རྣམས་དང་། ལྷོ་ཁའི་སྐྱིད་སྡུག་ཚོགས་པ། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་བཅས་རེད། དུས་སྙིགས་མ་ཆགས་ཡོད་པ་དང་། འཛམ་གླིང་འགྱུར་བ་མང་པོ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་ཏཱ་ལའི་བླ་མ་ཞེས་དགའ་མོས་བྱེད་མཁན་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་ཧ་ཅང་མང་པོ་ཡོང་གི་འདུག ངོས་རང་ལ་མཚོན་ན་ལས་དང་སྨོན་ལམ་གྱིས་འདི་ལྟ་བུ་ཞིག་ཏུ་གྱུར་ཡོད། ངོས་དང་ལས་འབྲེལ་ཡོད་པ་ཚང་མར་བག་ཆགས་བཟང་པོ་འཇོག་ཐུབ་པ་ཞིག་དང་། དེ་ལ་བསྟེན་ནས་ཚེ་རབས་ནས་ཚེ་རབས་སུ་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པ་ཞིག་ལ་ཁྱོད་རང་ཚོས་སྨོན་ལམ་རྒྱག་གི་རེད། ངོས་ཀྱིས་ཀྱང་སྨོན་ལམ་རྒྱག་གི་ཡོད། གང་ལྟར་ང་ཚོ་འདིར་འཕྲལ་སེལ་འཕྲལ་སེལ་ཚུར་འདུས་ཤིང་། ཡང་ཁ་གྱེས་ནས་འགྲོ་བཞིན་ཡོད་ཀྱང་། རྩ་བའི་ལྷག་བསམ་དང་དད་པ་ལ་འགྱུར་བ་ཁྱོན་ནས་མེད་པ་ཞིག་རེད། ཚེ་རབས་ནས་ཚེ་རབས་སུ་དད་མོས་འདི་འགྱུར་བ་མེད་པར་སྡོད་པ་ཞིག་ཆགས་ཡོད།

དེ་རིང་རྡ་རམ་ས་ལའི་ས་ཁུལ་འདིར་ངོས་ལ་བརྟན་བཞུགས་ཀྱི་མཛད་སྒོ་འཚོགས་པར་ངོས་ནས་སྨོན་ལམ་གང་ཡོང་བརྒྱབ་པ་ཡིན། མུ་མཐུད་ནས་བོད་བསྟན་འགྲོ་སྤྱིའི་དོན་དུ་མི་ཚེ་རིང་པོར་བསྡད་ནས་བོད་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་ངོས་ལ་དད་པ་དང་འདུན་པ་རྩེ་གཅིག་ཡོད་མཁན་ཚང་མར་མུ་མཐུད་ནས་ཕན་ཐོགས་ཡོང་ཐུབ་པར་སྨོན་ལམ་རྒྱག་གི་ཡིན་ལ་སེམས་ཤུགས་བསྐྱེད་བཞིན་ཡོད། ༸རྒྱལ་བ་རིན་པོ་ཆེ་ཞེས་ད་ལྟའི་བར་དུ་དགའ་མོས་བྱེད་མཁན་ནང་པ་གཅིག་པུ་མ་ཡིན་པར་ཡི་ཤིའི་ཆོས་པ་དང་། ཆོས་མེད་སྨྲ་བ། ཚན་རིག་པ་སོགས་ཧ་ཅང་མང་པོ་འདུག  གང་ལྟར་དགའ་མོས་བྱེད་མཁན་ཚང་མར་ཇི་ལྟར་འདོད་པ་ཡོད་པ་བཞིན་ངོས་རང་མི་ཚེ་རིང་པོར་འཚོ་བའི་ཐོག་ནས་གཞན་ཕན་བྱེད་ངེས་ཡིན།  བོད་གཙོ་བོར་གྱུར་པའི་ཏཱ་ལའི་བླ་མ་དང་འབྲེལ་བ་ཡོད་པའི་ས་ཁུལ་ཚང་མར་ཆོས་དད་ཇེ་ཟབ་དང་ཇེ་བརྟན་དུ་འགྲོ་བ་ཞིག་དང་། དེ་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་དང་མཐུན་པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་འདེགས་སྒྲུབ་ཐུབ་པ་ལ་ངོས་ཀྱིས་སྨོན་ལམ་རྒྱག ཁྱོད་ཚོ་ཚང་མས་ཀྱང་སྨོན་ལམ་རྒྱོབ།

ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་གི་སྟོད་གོས་གྱོན་ཡོད།  བསྟན་པའི་ཞབས་འདེགས་བསྒྲུབ་མཁན་དང་། སྟོན་པ་ལ་སྒྲུབ་པའི་མཆོད་པ་ཕུལ་མཁན་རེད། ལོ་ཤས་གོང་ངོས་ཀྱི་རྨི་ལམ་དུ་ཚོགས་ཁང་ཆེན་པོ་ཞིག་ཏུ་སྟོན་པ་ཐུབ་པའི་དབང་པོ་དབུས་སུ་བཞུགས་འདུག་པ་དང་། ངོས་ལ་གཟིགས་ནས་ཡར་ཤོག་གསུངས་བྱུང་། ངོས་རང་གུས་ཞབས་ཆེན་པོའི་ཐོག་ཕྱིན་པར་སྟོན་པའི་འཁྲིས་སུ་སྡོད་ཨ་གསུངས་བ་དང་། ངོས་ཀྱི་མགོ་ལ་བྱིལ་བྱིལ་གནང་སྟེ་ཧ་ཅང་མཉེས་པོ་གནང་གི་འདུག ངོས་ཀྱིས་ཀྱང་སྟོན་པའི་ཞབས་འདེགས་སྒྲུབ་བཞིན་ཡོད་བསམ་ཏེ་དད་པ་རྩེ་གཅིག་དང་། མུ་མཐུད་ནས་སྟོན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་པ་ཡིན། དེ་རིང་བརྟན་བཞུགས་དང་སྦྲགས་འདིར་འཚོགས་པ་རེད། འཛམ་གླིང་འདིར་མཚོན་ཆ་དང་དབང་ཤུགས་སྤྱད་ནས་མགོ་ཁྲིད་བྱེད་མཁན་ཡོད་ཀྱང་། ༸རྒྱལ་བ་རིན་པོ་ཆེས་མགོ་ཁྲིད་པ་ནི་དད་པ་དང་མོས་པའི་ཐོག་ནས་མགོ་ཁྲིད་པ་ཞིག་རེད། ངོས་ནས་མེ་མདའ་དང་གྲི་འཁྱེར་ནས་མགོ་ཁྲིད་ཀྱི་མེད། ང་ཚོའི་དམིགས་ཡུལ་ཡང་མི་མང་པོར་ཕན་པའི་ལས་ཀ་བྱེད་བཞིན་ཡོད། 

དེ་རིང་བརྟན་བཞུགས་མཛད་སྒོར་འཚོགས་པ་རེད། ངོས་རང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་སྡོད་ཀྱི་རེད་བསམ་པ་ཞིག་ཡོད་ལ་དེ་ལྟར་བཤད་བཞིན་ཡོད། གང་ལྟར་ངོས་ལ་མོས་པ་བྱེད་མཁན་ནང་པ་ཙམ་མ་ཡིན་པར་ཡི་ཤེ་དང་ཚན་རིག་པ་སོགས་མང་པོ་ཡོད། དེ་དག་ཚང་མར་ངོས་ཀྱི་ལུས་སེམས་འདིའི་ཐོག་ནས་འདོད་པ་བསྐང་རྒྱུ་དང་། ཡིད་ཚིམས་པ་ཡོང་ཐུབ་ཆེད་ཞོགས་པ་ཡར་ལངས་པ་ནས་བཟུང་གཞན་དོན་དུ་སེམས་བསྐྱེད་ལ་བསམ་བློ་ཧ་ཅང་ཤུགས་ཆེན་པོ་གཏོང་བཞིན་ཡོད། བསམ་དོན་ཆོས་བཞིན་དུ་འགྲུབ་པར་སྨོན་ལམ་རྒྱག་གི་ཡོད། ཁྱོད་ཚོ་ཚང་མས་ཀྱང་སྨོན་ལམ་མཚམས་སྦྱོར་གནང་ཤོག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་བ་དང་།

ཚོགས་སྡེ་ཁག་གསུམ་གྱིས་གོ་སྒྲིག་དང་སྦྱིན་བདག་བྱས་པའི་བརྟན་བཞུགས་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག ཁྲིམས་ཞིམ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་བླ་བྲང་འཕགས་པ་ཚེ་རིང་མཆོག་སོགས་ཀྱིས་གཙོས་ལྷོ་ཁའི་མི་མང་ ༧༠༠ སྐོར་དང་། ཨི་ཐ་ཁའི་རྣམ་རྒྱལ་གྲྭ་ཚང་གི་ནང་ཆོས་སློབ་གཉེར་ཁང་གི་སློབ་གཉེར་བ་ཨ་རིའི་མངའ་སྡེ་དྲུག་དང་ཁེ་ན་ཌ་བཅས་ནས་བོད་རིགས་དང་རྒྱ་རིགས། ཕྱི་རྒྱལ་བ། ཝེཊ་ནམ་སོགས་མི་རིགས་འདྲ་མིན་ཁྱོན་མི་གྲངས་ ༤༠ དང་། རྒྱལ་ཁབ་ ༣༤ ནས་བོད་པའི་གཞོན་སྐྱེས་ཁྱོན་ ༥༠༠༠ ལྷག་གིས་ཐོ་འགོད་དང་། གཞོན་སྐྱེས་ ༡༠༠༠ ལྷག་དངོས་སུ་རྡ་རམ་ས་ལར་ཆེད་བཅར་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube
  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

སྐད་ཡིག་འདམ་ག

  • རྒྱ་སྐད།
  • དབྱིན་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • ཨི་ཏ་ལིའི་སྐད།
  • འཇར་མན་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།
  • མདུན་ངོས།
  • མཛད་འཆར།
    • 2025 ཡིག་མཛོད།
    • 2024 ཡིག་མཛོད།
    • 2023 ཡིག་མཛོད།
    • 2022 ཡིག་མཛོད།
    • 2021 ཡིག་མཛོད།
    • 2020 ཡིག་མཛོད།
    • 2019 ཡིག་མཛོད།
    • 2018 ཡིག་མཛོད།
    • 2017 ཡིག་མཛོད།
    • ༢༠༡༩ ཡིག་མཛོད།
    • ༢༠༡༨ ཡིག་མཛོད།
    • ༢༠༡༧ ཡིག་མཛོད།
    • ༢༠༡༦ ཡིག་མཛོད།
    • ༢༠༡༥ ཡིག་མཛོད།
    • ༢༠༡༤ ཡིག་མཛོད།
    • ༢༠༡༣ ཡིག་མཛོད།
  • འཕྲིན་གསར།
    • 2025 ཡིག་མཛོད།
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2024 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2023 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2022 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2021 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2020 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2019 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2018 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2017 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2016 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2015 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2014 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2013 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2012 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2011 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2010 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2009 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2008 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2007 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2006 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
    • 2005 ཡིག་མཛོད།
      • December
      • November
      • October
      • September
      • August
      • July
      • June
      • May
      • April
      • March
      • February
      • January
  • དགོངས་གཞི།
    • དབུ་མའི་ལམ།
      • དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ།
      • དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད།
    • ཏཱ་ལའི་བླ་མའི་ཡང་སྲིད།
      • ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྩལ་བའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས།
      • སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་སྩལ་བའི་བཀའ་སློབ།
      • སྐུའི་ཡང་སྲིད་སྐོར་ལ་སྩལ་བའི་བཀའ་སློབ།
    • འགན་ཁུར་བཞི།
      • འགན་ཁུར་དང་པོ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས།
      • འགན་ཁུར་གཉིས་པ། ཆོས་ལུགས་མཐུན་འབྲེལ།
      • འགན་ཁུར་གསུམ་པ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ།
      • འགན་ཁུར་བཞི་ངོ་སྤྲོད་བསྡུས་པ།
    • འཛམ་གླིང་ཞི་བདེ།
      • སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
    • བྱམས་བརྩེ་དང་འཚེ་བ་མེད་པ།
      • དགྲ་བོ་ལའང་མཛའ་ཞིང་བརྩེ་བ།
    • བཀའ་ལན།
      • ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར།
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༡
      • ྋགོང་ས་མཆོག་གིས་འཕྲུལ་སྒྲ་TWITTER དྲྭ་གནས་བརྒྱུད་རྒྱ་རིགས་མི་མང་གི་དྲི་བར་བཀའ་ལན་སྩལ་བ། ༢
      • ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
    • ནང་ཆོས་དང་ཚན་རིག
      • ཆོས་དང་ཚན་རིག་ཕན་གྲོགས་སུ་གྱུར་ཚུལ་དོན་བསྡུས།
      • གཟུགས་ཅན་ཐད་ནང་པས་ཚན་རིག་ནས་ལེན་འོས་པའི་ལེགས་ཆ།
      • ཚན་རིག་པས་ལེན་འོས་པའི་ནང་ཆོས་ཀྱི་ལེགས་ཆ།
      • ཆོས་དང་ཚན་རིག་གི་ལྟ་གྲུབ་སྐོར།
  • སྐུ་པར།
  • བརྙན་འཕྲིན།
  • བཀའ་སློབ།
  • མཛད་རྣམ་དང་གསུང་འཕྲིན།
    • གལ་ཆེའི་གསུང་འཕྲིན།
      • རང་དབང་གི་གཟེངས་རྟགས་འབུལ་ལམ་ཞུས་པར་སྩལ་བའི་གསུང་འཕྲིན།
      • ཡོ་རོབ་གྲོས་ཚོགས་ཀྱི་གསུང་འཕྲིན།
      • ནོ་བྷེལ་ཞི་བདེའི་གསུང་འཕྲིན།
    • བོད་རིགས་ལ་གསུང་འཕྲིན།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། དང་པོ།
      • ༢༠༠༨ ལོར་བོད་རིགས་ཡོངས་ལ་སྩལ་བའི་གསུང་འཕྲིན། གཉིས་པ།
    • རྒྱ་རིགས་ལ་གསུང་འཕྲིན།
      • ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་ཏེང་ཞའོ་ཕིང་ལ་སྩལ་བའི་བཀའ་ཡིག་ཐོག་མ།
      • ༧གོང་ས་མཆོག་གིས་རྒྱ་རིགས་མི་མང་ལ་ལོ་གསར་འཚམས་འདྲི།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་གལ་ཆེའི་འབོད་བསྐུལ།
      • ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་བསྐུལ།
    • གསུང་འཕྲིན་གཞན།
      • ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་སྩལ་བའི་གསུང་འཕྲིན།
      • བརྙན་འཕྲིན་གྱི་ལམ་ནས་སྩལ་བའི་འཁྲུངས་སྐར་གསུང་འཕྲིན།
      • བོད་རྒྱའི་ཚོགས་འདུ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པར་སྩལ་བའི་གསུང་འཕྲིན།
      • རྒྱ་གར་གྱི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།
    • གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༡༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༢༠༠༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༨༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༧༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༨ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༧ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༦ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༤ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༢ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༡ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
      • ཕྱི་ལོ་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
    • མཛད་རྣམ་ཕྱོགས་བསྡུས།
      • ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ།
      • མཛད་རྣམ་སྙིང་བསྡུས།
    • སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།
      • རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ།
      • རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ།།
      • རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།
      • རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
    • ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
      • གླེང་གཞི།
      • ལེའུ་དང་པོ། སོ་ནམ་པའི་བུ།
      • ལེའུ་གཉིས་པ། བྱང་ཆུབ་འཚོལ་བ།
      • ལེའུ་གསུམ་པ། ཡིད་ཀྱི་བདེ་བ།
      • ལེའུ་བཞི་པ། བོད་དང༌། ཁྱིམ་མཚེས་རྒྱ་ནག
      • ལེའུ་ལྔ་པ། བཙན་འཛུལ།
      • ལེའུ་དྲུག་པ། རྒྱ་མི་གུང་བྲན་ནང༌།
      • ལེའུ་བདུན་པ། བཙན་གནོན་དང༌། བློ་ཕམ།
      • ལེའུ་བརྒྱད་པ། རྒྱ་གར་གནས་སྐོར།
      • ལེའུ་དགུ་པ། ཟིང་འཁྲུག
      • ལེའུ་བཅུ་པ། ལྷ་སའི་རྐྱེན་ངན།
      • ལེའུ་བཅུ་གཅིག་པ། བཙན་བྱོལ།
      • ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ།
      • ལེའུ་བཅུ་གསུམ་པ། ད་ལྟ་དང༌། མ་འོངས་པ།
      • ཁ་སྣོན་དང་པོ། ནང་པའི་ཆོས་ཀྱི་གནས་ཚུལ་ས་བཅད།
      • ཁ་སྣོན་གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད།
    • གཟེངས་རྟགས་རེའུ་མིག
    • དུས་འཁོར་དབང་ཆེན།
    • གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༥༤ ནས་ཕྱི་ལོ་ ༡༩༨༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༡༩༩༩ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༠༤ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༠༥ ནས་ཕྱི་ལོ་ ༢༠༡༠ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༠ ནས་ཕྱི་ལོ་ ༢༠༡༡ བར་གྱི་གལ་ཆེའི་མི་སྣ་མཇལ་འཕྲད།
      • ཕྱི་ལོ་ ༢༠༡༢ ལོའི་གལ་ཆེའི་མི་སྣར་མཇལ་འཕྲད་ཀྱི་མཚན་གཞུང་རེའུ་མིག།
    • ཆིབས་བསྒྱུར་ཐོ་གཞུང་།
      • ཕྱི་ལོ་ ༡༩༥༩ ནས་༡༩༧༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༨༠ ནས་ ༡༩༨༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༡༩༩༠ ནས་ ༡༩༩༩ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
      • ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་ཆིབས་བསྒྱུར་བསྐྱངས་པའི་ཐོ་གཞུང་།
  • ཡིག་ཚང་།
    • མང་ཚོགས་ལ་མཇལ་ཁ།
    • ཟུར་མཇལ།
    • གསར་འགོད་པའི་བཅར་འདྲི།
    • གདན་ཞུ།
    • འབྲེལ་བ་ཞུ་ཡུལ།
    • བླ་བྲང་དགའ་ལྡན་ཕོ་བྲང་།
    • ལེགས་བཅོས་སྤྱི་ཚོགས།
    • མང་གཙོ།
  • གསུང་རྩོམ།
  • ཐད་ཀར་རྒྱང་བསྲིང་།